མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་དང་ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་ཀྱིས་དུས་རབས་ཀྱི་ལེའུ་ཧུར་ཐག་རྩོམ།

གསར་འགྱུར་སྤེལ་དུས།  【2024-06-11 09:00:00】

——ངེད་གྲོང་ཁྱེར་གྱིས་“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར”ངོ་མཚར་ཆེ་བའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས8ཉིན་གྱི་སྔ་དྲོ། གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཁྱེར་རིག་གནས་ཅུས། གྲོང་ཁྱེར་་རིག་གནས་ཡུལ་སྐོར་ཚོགས་པ། གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱི་འགན་སྒྲུབ། གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་གཞག་སྲུང་སྐྱོབ་ལྟེ་གནས་དང་། གྲོང་ཁྱེར་ཁམས་པའི་རིག་གནས་སྒྱུ་རྩལ་ཚོགས་པ། རྫོང་ཆུས་ཁག་གི་རིག་གནས་ཅུས། རི་བོ་ཆེ་རྫོང་སྒྱུ་རྩལ་ཚོགས་པ། ཁ་རུབ་ཆུས་སྒྱུ་རྩལ་ཚོགས་པ་བཅས་ཀྱི་རོགས་སྒྲུབ་བྱས་པའི“མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་དང་ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་ཀྱིས་དུས་རབས་ཀྱི་ལེའུ་ཧུར་ཐག་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི2024ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་དེ་ཇ་རྟ་ཐང་ཆེན་དུ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་དེ་མངོན་མིན་རིག་གནས་ཤུལ་བཞག་ངོམ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན་ཁྲིད་པ། མངོན་མིན་རིག་གནས་ཤུལ་བཞག་གི་མཛེས་པ་ཉམས་ལེན། མངོན་མིན་རིག་གནས་ཤུལ་བཞག“རྒྱུན་འཛིན”སོགས་ཀྱི་ལྷུ་ཚིགས་ལས་གྲུབ་ཡོད། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་10ལྷག་ཙམ་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་བྱ་འགྲེལ་བཤད་དང་བཟོ་སྐྲུན་ལག་རྩལ་འགྲེམས་སྟོན་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་ནས་སློབ་མ་1000ལྷག་ཙམ་གྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱུས་ལོན་དང་མྱོང་ཚོར་ཐུབ་པར་བྱས་ཡོད་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པར་བྱས་ཡོད།