ངེད་གྲོང་ཁྱེར་གྱི་ཕག་ཤའི་རིན་གོང་མར་ཆག་པ།

གསར་འགྱུར་སྤེལ་དུས།  【2024-06-21 09:00:00】


གྲོང་མིས་གཉིས་ཕན་གཉིས་ཁེ་སྒོ་རྩིས་ཚོང་ཁང་ནས་ཕག་ཤ་སོས་པ་འདེམས་ཉོ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ངེད་གྲོང་ཁྱེར་གྱི་ཕག་ཤའི་རིན་གོང་མངོན་གསལ་དོད་པོས་མར་ཆག་དེས་གྲོང་མིའི་གསོལ་ལྕོག་སྔར་བས་ཕུན་སུམ་ཚོགས་པོར་ཕྱིན་པ་མ་ཟད།རྒྱ་ཆེའི་མང་ཚོགས་ལ་དངོས་གནས་དྲང་གནས་ཀྱིས་ཕན་པ་ཐོབ་ཡོདཔ་རེད། གཉིས་ཕན་གཉིས་ཁེ་སྒོ་རྩིས་ཚོང་ཁང་ནས་གསར་འགོད་པས་ཕག་ཤའི་རིན་གོང་དེ་སྔོན་དང་བསྡུར་ན་མངོན་གསལ་དོད་པོས་རིན་གོང་དམའ་རུ་ཕྱིན་པ་མཐོང་བྱུང་།

ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཟོག་གོང་བརྟན་པོའི་ངང་ཚོད་འཛིན་བྱ་རྒྱུའི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་གྲོང་མིའི་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་འགན་ལེན་བྱ་ཆེད།གཉིས་ཕན་གཉིས་ཁེ་སྒོ་རྩིས་ཚོང་ཁང་གིས་རང་འགུལ་ངང་ཚོང་ཟོག་རིགས་400ལྷག་ཙམ་གྱི་རིན་གོང་མར་ཆག་པ་དང་ཆ་སྙོམས་གོང་ཆག་ཚད་23.21%ཟིན་པ་མ་ཟད། རྒྱུན་གོང་དམངས་ཕན་ཁུལ་5བཙུགས་ནས་གྲོང་མིར་འབྲས་དང་།བྲོ་ཞིབ།འབྲུ་སྣུམ་སོགས་ཚོང་ཟོག་མཁོ་འདོན་བྱས་པ་རེད། ལྷག་པར་དུ་འཁྱགས་ཤ་དང་ཤ་སོས་པའི་རིན་གོང་5%ནས་16%བར་ཆག་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་ཆར།གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཕག་ཤའི་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བའི་ཁར་ཕག་པ་བཤས་པ་དང་ཤ་རིགས་ལས་སྣོན་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ།ཕག་ཤའི་སྤུས་ཚད་བདེ་འཇགས་འགན་ལེན་བྱས་པ་རེད། དུས་མཚུངས་སུ་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ལས་དང་གྲོང་གསེབ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་བརྟག་ཞིབ་ཆེད་དོན་ཚན་ཁག་བཙུགས་ཏེ་ངེད་གྲོང་ཁྱེར་གྱི་ཕག་ཤའི་རིན་གོང་ལ་ཆེད་དོན་བརྟག་ཞིབ་བྱས་ནས་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ་ཁེ་ལས་ཀྱིས་ལུགས་མཐུན་ངང་རིན་གོང་གཏན་འཁེལ་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།