དཔལ་འབར་གྱིས་གཞུང་ཡིག་འབྲི་བའི་ནུས་པ་ཆེར་གཏོང་གི་སྦྱོང་བརྡར་འཛིན་གྲྭ་གཉེར་བ།

གསར་འགྱུར་སྤེལ་དུས།  【2024-09-06 09:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ9ཚེས4ཉིན་ནས་ཚེས6ཉིན་བར་དཔལ་འབར་རྫོང་ཨུད་ཏང་གི་སློབ་གྲྭས་གཉེར་བའི་གཞུང་ཡིག་འབྲི་བའི་ནུས་པ་ཆེར་གཏོང་གི་སྦྱོང་བརྡར་འཛིན་གྲྭར་དཔལ་འབར་རྫོང་ཐད་གཏོགས་ཚན་པ་ཁག་དང་ཤང་གྲོང་རྡལ11གི་ལས་བྱེད་པ་ཁྱོན34ཞུགས་ཡོད་པ་རེད། སྦྱོང་བརྡར་ནང་གཞུང་ཡིག་གི་རིགས་དང་རྣམ་གཞག་ཚད་ལྡན། རྩོམ་འབྲི་ལག་རྩལ་སོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པར་མ་ཟད་དོན་དངོས་དང་ཟུང་འབྲེལ་གྱིས་གྱོད་དཔེ་དབྱེ་ཞིབ་བྱས་པས་སྦྱོང་བརྡར་ནང་ཞུགས་མཁན་ལས་བྱེད་པས་གཞུང་ཡིག་རིགས་མི་འདྲ་བར་གོ་བ་ལེན་པ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། གཞུང་ཡིག་འབྲི་བའི་ཚད་ལྡན་རང་བཞིན་ཡང་ཆེ་རུ་ཕྱིན་ནས་གཞུང་ཡིག་འབྲི་བའི་གོ་བ་སྔར་བས་གཏིང་ཟབ་ལོན་ནས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད།