ངེད་གྲོང་ཁྱེར་གྱིས“སྣག་ཚས་མཛེས་སྣང་མངོན། ཆབ་མདོའི་བརྩེ་སེམས”ཅེས་པའི་ཡིག་གཟུགས་དང་པར་རིས་འགྲེམས་སྟོན་སྤེལ་བ།
གསར་འགྱུར་སྤེལ་དུས། 【2024-09-17 09:00:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས13ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་དང་གྲོང་ཁྱེར་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་གཙོ་སྒྲུབ་བྱས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། གྲོང་ཁྱེར་དཔེ་མཛོད་ཁང་བཅས་ཀྱིས་སྒྲུབ་འགན་འཁུར་བའི“སྣག་ཚས་མཛེས་སྣང་མངོན། ཆབ་མདོའི་བརྩེ་སེམས”ཅེས་པའི་ཡིག་གཟུགས་དང་པར་རིས་འགྲེམས་སྟོན་དེ་གྲོང་ཁྱེར་དཔེ་མཛོད་ཁང་དུ་སྤེལ་བ་དང་། ཡིག་གཟུགས་དང་པར་རིས་བརྩམས་ཆོས་བརྒྱ་ལྷག་འགྲེམས་སྟོན་བྱས་པ་རེད།
འགྲེམས་སྟོན་བྱ་ཡུལ་དུ། 《རྩེ་དྲུག་དགོན་》དང《རྒྱལ་མོ་རྔུལ་ཆུའི་གུག་ཆ་72》《མཁའ་དབྱིངས་ནས་ཆབ་མདོའི་གྲོང་ཁུལ་ལ་ལྟ་བ》《མཁུར་ཚོས་དམར་པོ》ཞེས་པ་སོགས་ཀྱི་པར་ལེན་བརྩམས་ཆོས་དག་ལས་ངེད་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཕེལ་རྒྱས། གྲོང་གསེབ་དར་རྒྱས། དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་དུང་སོགས་ཀྱི་ཐད་ནས་འཕོ་འགྱུར་གསར་པ་དང་འཕེལ་རྒྱས་གསར་པ། གྲུབ་འབྲས་གསར་པ་བཅས་ཀུན་ནས་མངོན་ཡོད་པ་རེད། མཇུག་ཏུ་གཙོ་སྒྲུབ་བྱེད་མཁན་གྱིས་ཡིག་གཟུགས་ཚོགས་ཆུང་དང་པར་ལེན་ཚོགས་ཆུང་གཉིས་སུ་བགོས་ནས་རིགས་གཅིག་མཁས་ཅན་གྱིས་དཔྱད་འདེམས་བྱས་ཏེ་ཕུལ་བྱུང་གི་བརྩམས་ཆོས12བདམས་ནས་ལག་ཁྱེར་སྤྲད་ཡོད་པ་རེད།