གསར་འགྱུར་སྤེལ་དུས། 【2025-02-04 08:45:00】
བགོ་འགྲེམས་ཡུལ་དངོས་ཡིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་རོང་ཤང་གྲུ་པ་རོང་གྲོང་ཚོས2025ལོའི་ལོ་འཁོར་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་བགོ་འགྲེམས་མཛད་སྒོ་འཚོགས་ཤིང་། བགོ་འགྲེམས་རྒྱག་ཡུལ་དུ་གྲོང་མི་ཚོས་གདོང་ནས་འཛུམ་མདངས་འཕྱུར་བཞིན་དུ་གོ་རིམ་ལྡན་པའི་ངང་རྩིས་ཁྲ་བསྡུར་བ་དང་། མིང་འགོད་པ། བགོ་འགྲེམས་དངུལ་ལེན་པ་བཅས་བྱེད་བཞིན་མཆིས།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གྲུ་པ་རོང་གྲོང་ཚོའི་བགོ་འགྲེམས་ཚོགས་ཆེན་གྱིས་འདྲ་མཉམ་དང་དྲང་གཞག་གི་རྩ་དོན་མཐའ་འཁྱོངས་བྱས་ནས་ཁྱོན་སྒོར་ཁྲི230བགོ་འགྲེམས་བྱས་པ་དང་། མ་རྐང་ནང་ཞུགས་མཁན་དུད་ཁྱིམ་104ཡི་དུད་ཁྱིམ་རེར་སྒོར21423བགོ་འགྲེམས་བྱས་ཡོད།