གསར་འགྱུར་སྤེལ་དུས། 【2025-02-11 09:00:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མིག་སྔར་རི་བོ་ཆེ་རྫོང་གངས་གཟེ་ཤང་བེའུ་ཚང་གྲོང་ཚོས་2024ལོའི་ལོ་འཁོར་གྱི་ཡོང་འབབ་བགོ་འགྲེམས་མཛད་སྒོ་འཚོགས་པ་རེད། བྱེད་སྒོ་ནང་ཁྱུང་ཆེན་ཞིང་འབྲོག་པ་ཨར་ལས་ཚད་ཡོད་ཀུང་ཟིས་མང་ཚོགས་ལ་ཕྱེ་ཁུག་མ210དང་། འབྲས་ཁུག་མ210 སྣུམ་ཟོ88བཅས་སྤྲད་པས་གྲོང་མིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད།
བགོ་འགྲེམས་ཡུལ་དངོས་སུ་གྲོང་མི་ཚོའི་དགའ་སྤྲོ་ངང་ནས་དངོས་ཟོག་བླངས་པ་དང་གདོང་ལ་བདེ་སྐྱིད་འཛུམ་མདངས་མངོན་ཡོད།