གསར་འགྱུར་སྤེལ་དུས། 【2025-02-11 09:00:00】
འདི་ནི་དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་བས་ར་འོག་གྲོང་རྡལ་དུ་ཡུལ་སྐོར་བྱེད་བཞིན་པ།
བོད་ཤིང་མོ་སྦྲུལ་ལོའི་དཔྱིད་གསར་དུས་ཆེན་རིང་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དུ་རྣམ་པ་འཁྲུག་ཆ་དོད་པའི་ཡུལ་སྐོར་གྱི་གསོལ་སྟོན་བཤམས་ཡོད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་དྲིལ་བསྒྲགས་པར་གཞི་ཡིས་དཔའ་ཤོད་ཀྱི་ཚོན་མདངས་ངོ་མཚར་ཅན་བཀྲམས་པ་མ་ཟད་ཆབ་མདོའི་ཡུལ་སྐོར་ཧྲིལ་བོའི་རྣམ་པ་གསར་པ་ཕྱེས་ཡོད།
ཟླ་1ཚེས་28ནས་ཟླ་2ཚེས་4ཉིན་བར། ཡུལ་སྐོར་བ་མི་ཐེངས63712ལ་སྣེ་ལེན་ཞུས་པ་དེ་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་ཁྲི5224མངོན་འགྱུར་བྱུང་ཡོད།