གསར་འགྱུར་སྤེལ་དུས། 【2025-02-21 09:00:00】
པར་འདི་ནི་ཇ་བསྲུབས་མ་བཟོ་བའི་འགྲན་སྡུར་ཡུལ་དངོས་ཡིན་པ།
པར་འདི་ནི་ཐང་ག་འབྲི་བའི་འགྲན་སྡུར་ཡུལ་དངོས་ཡིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྟེང་ཆེན་རྫོང་གིས་གསར་བརྗེའི་རིག་གནས་ཀྱིས་སྣེ་ཁྲིད་དུ་བཟུང་བ་ལ་བརྟེན་ནས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་ཀྱི་འགྲན་སྡུར་རྒྱུན་མཐུད་ངང་སྤེལ་བ་རེད།
མིག་སྔའི་བར་སྟེང་ཆེན་རྫོང་གི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་ཀྱི་འགྲན་སྡུར་དེ་གྲོང་ཚོ(སྡེ་ཁུལ)27སྤེལ་ཞིང་། མི500ལྷག་འགྲན་སྡུར་ནང་ཞུགས་པ་དང་ལྟད་མོ་བ་མི8600ཡས་མས་ཟིན་ཡོད།
དེ་ལས་སྟེང་ཆེན་རྫོང་སྟེང་ཆེན་གྲོང་ཚོའི་ཐང་ག་འབྲི་བཞེངས་འགྲན་སྡུར་ནང་ཞུགས་པའི་གྲོང་མི་ཚེ་དབང་ནམ་མཁའ་ཡིས་བརྩམས་ཆོས《གླིང་དགུ》ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་ཀྱི་མཉམ་འདྲེས་གང་ལེགས་མཚོན་པ་མ་ཟད། ས་གནས་ས་ཐོག་གི་འགྲན་སྡུར་དེ་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།
སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་ཀྱི་འགྲན་སྡུར་སྤེལ་བ་དེས་སྟེང་ཆེན་རྫོང་གི་སྲོལ་རྒྱུན་བཟོ་རྩལ་རིག་གནས་དང་མངོན་མིན་ཤུལ་གཞག་རིག་གནས་འགྲེམས་སྟོན་བྱས་པ་མ་ཟད། ཞིང་འབྲོག་པ་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་པ་དང་གྲོང་གསེབ་དར་རྒྱས་ཡོང་བར་གསོན་ཤུགས་གསར་པ་ཞིག་དེ་བས་བསྣན་ཡོད། གོམ་སྟབས་རྗེས་མར། སྟེང་ཆེན་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ལ་བརྟེན་ནས་ས་གནས་ཀྱི་ལག་རྩལ་རྒྱུད་འཛིན་དང་། གྲོང་གསེབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ས་གནས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་མཛེས་པ་མངོན་པ་བཅས་བྱ་རྒྱུ་ཡིན་པ་རེད།