གསར་འགྱུར་སྤེལ་དུས། 【2025-02-25 09:00:00】
རྩམ་པ་འཐག་རྒྱུ་འགྲན་བསྡུར་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས19ཉིན་ཁ་རུབ་ཆུས་རྨོ་མདའ་ཤང་རྨོ་སྨད་གྲོང་ཚོས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པ་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐུགས་གྲ་འགྲིག་པོའི་ངང་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོ་ཡིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་། གྲོང་མིའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་མཐོར་འདེགས། གྲོང་མིའི་རྒྱལ་གཅེས་སྤྲོ་སེམས་དང་ཡར་བརྩོན་གྱི་སྙིང་སྟོབས་ལ་སྐུལ་སློང་ཐུབ་ཡོད། གཏམ་རྒྱུད་བཤད་པའི་ལྷུ་ཚིགས་སུ་འགྲན་ཞུགས་པ་ཚོ་གར་སྟེགས་ཐོག་བུད་དེ་གོ་སླ་བའི་སྐད་ཆའི་ཐོག་ནས་གསར་བརྗེའི་ཆབ་མདོའི་རྒན་རབས་པའི་དཀའ་སྤྱད་འབད་འཐབ་བྱས་པའི་གཏམ་རྒྱུད་དང་དེ་མིན་རྨོ་སྨད་གྲོང་ཚོས་དུས་རབས་གསར་པའི་འཕེལ་རྒྱས་ཁྲོད་ཀྱི་འཕོ་འགྱུར་མང་པོ་བཤད་ཡོད།
ཐེངས་འདིའི་རྨོ་མདའ་ཤང་རྨོ་སྨད་གྲོང་ཚོའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པ་བརྗོད་དོན་གཙོ་བོའི་བྱེད་སྒོ་ལེགས་གྲུབ་སྤེལ་བ་དེས་གྲོང་མི་ཚོས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་དེ་བཞིན་མཛེས་སྡུག་ལྡན་པའི་འབྱུང་འགྱུར་འཛུགས་སྐྲུན་བྱེད་པའི་ཆོད་སེམས་སྔར་བས་སྐུལ་སློང་ཐུབ་ཡོད། བྱེད་སྒོ་འདིས་གྲོང་མིའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད་རིག་གནས་རྒྱུད་འཛིན་དང་ཡར་བརྩོན་སྙིང་སྟོབས་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།