མཛོ་སྒང་རྫོང་ཐེམ་ཐོག་གྲོང་རྡལ་ཡར་གྲོང་གྲོང་ཚོས་གྲོང་མིར་ཁེ་སྤོགས་སྒོར་ཁྲི་197བགོས་པ།

གསར་འགྱུར་སྤེལ་དུས།  【2025-02-25 09:00:00】

ཡར་གྲོང་གྲོང་ཚོའི་ཁེ་སྤོགས་བགོ་བའི་མཛད་སྒོའི་ཡུལ་དངོས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས21ཉིན་བོད་ཤིང་སྦྲུལ་ལོའི་ལོ་གསར་སླེབས་ལ་ཉེ་སྐབས། མཛོ་སྒང་རྫོང་ཐེམ་ཐོག་གྲོང་རྡལ་ཡར་གྲོང་གྲོང་ཚོའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོགས་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང213ལ་ཁེ་སྤོགས་ཁྱོན་སྒོར1917000བགོས་པ་རེད། དེ་མིན་རིན་ཐང་སྒོར55200ཙམ་རི་བའི་གྲོ་ཕྱེ་དང་། ཟ་སྣུམ། རྒྱ་ཐུག་སོགས་ཀྱི་དངོས་རྫས་སྤྲད་དེ་སྤྱིའི་མ་དངུལ་སྒོར1972200ཟིན་ཡོད། དཔལ་འབྱོར་ཁེ་སྤོགས་བགོ་བའི་མཛད་སྒོ་ཡུལ་དངོས་སུ་གྲོང་མི་ཚོའི་གདོང་ལ་དགའ་བའི་འཛུམ་མདངས་མངོན་པ་དང་། ཁོ་ཚོའི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་བསྟུད་མར་མཐོར་འདེགས་བྱུང་ཡོད།

དཔལ་འབྱོར་ཁེ་སྤོགས་བགོ་བའི་ཚོགས་ཆེན་འདི་ལ་རྒྱང་རིང་བའི་དོན་སྙིང་གལ་ཆེན་ལྡན་ཡོད་དེ། ཕྱོགས་གཅིག་ནས་བོད་ཀྱི་ལོ་གསར་སླེབས་ལ་ཉེ་སྐབས་ལོ་གསར་ལ་དགའ་སྤྲོའི་རྣམ་པ་ཟབ་མོ་ཞིག་བསྣན་པ་དང་། ཕྱོགས་གཞན་ཞིག་ནས་ཡར་གྲོང་གྲོང་ཚོའི་འབྱུང་འགྱུར་འཕེལ་རྒྱས་འགྲོ་བར་དངོས་ཡོད་རྨང་གཞི་བརྟན་པོ་འདིང་ཡོད། གྲོང་མི་ཚོས་འབྱུང་འགྱུར་གྱི་འཚོ་བར་ཡིད་ཆེས་ཀྱིས་རབ་ཏུ་ཁེངས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད།