གསར་འགྱུར་སྤེལ་དུས། 【2025-03-07 09:00:00】
གངས་འདབས་ཀྱི་འབྲོག་ཁུལ་ནས་ལུང་པའི་མདའ་ཡི་གྲོང་ཚོ་བར་གྱི་མང་ཚོགས་སྟོང་ཕྲག་ལྷག་འགྲན་ར་འདུས་ཡོད། ཁོ་ཚོས“དམར་མདངས་རིག་གནས+མི་རིགས་རིག་གནས”ཞེས་པའི་བརྗོད་དོན་དེའི་མཐའ་འཁོར་དུ་གླུ་གར་གཞི་རྟེན་དུ་བཟུང་ནས་ངོ་མཚར་ཆེ་བའི་གསར་གཏོད་བྱས་ཡོད།《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》《ཡར་ལངས་ཞིང་བྲན་གྱིས་གླུ་ཞིག་ལེན》སོགས་དང་འདྲ་བའི་གསར་བརྗེའི་གླུ་གཞས་དང་དེ་བཞིན་གསར་བརྗེའི་སྙན་ཚིག་དེ་བོད་ཀྱི་སྲོལ་རྒྱུན་སྐོར་བྲོ་དང་པི་ཝང་ཞབས་བྲོ་དང་མཉམ་འདྲེས་ཐུབ་ཡོད།
ཐེངས་འདིའི་གྲོང་ཚོ་རིམ་པའི་གླུ་གར་ཐོག་མའི་འགྲན་སྡུར་དེ་རྫོང་དང་གྲོང་རྡལ་6ལ་ཁྱབ་ཡོད་པ་དང་། འགྲན་ཞུགས་མང་ཚོགས1777ལྷག་སླེབས་པ་དང་། ལེ་ཚན་གྲངས་ཀ256ཟིན་པ་ལས་གདོད་མའི་གླུ་གཞས79དང་། ལྟད་མོ་བ3200ཡས་མས་ཟིན་ཡོད།
དཔའ་ཤོད་རྫོང་གི་ཤང་དང་གྲོང་རྡལ6གི་གླུ་གར་ཐོག་མའི་འགྲན་སྡུར་དེ་ནི་ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་གསོན་ཉམས་ལྡན་པའི་གཟུགས་བརྙན་ཞིག་ཡིན་ལ། དེས་དུས་རབས་གསར་པའི་ཞིང་འབྲོག་པ་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད། ཞིང་འབྲོག་པ་མང་ཚོགས་དེ་བས་མང་པོ་ཞིག་ཐེངས་འདིའི་དམར་མདངས་རིག་གནས་ཀྱི་སྦྲེལ་མཐུད་འགྲན་སྡུར་ནང་ཞུགས་ན་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗིད་ཆགས་ལེའུ་ཐུན་མོང་ཐོག་རྩོམ་པར་ཡིད་ཆེས་ཆེན་པོ་ཡོད།