བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།“ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་སོགས་ལ་གྲོས་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2025-03-11 09:00:00】

བློ་བཟང་རྒྱལ་མཚན་ཞུགས་པ་དང་། ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཀརྨ་ཚེ་བརྟན་ཞུགས་པ།


ཟླ་3ཚེས་9ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་9ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྲོས་ཞིབ་ལ་ཞུགས་པ་དང་། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྲོས་ཞིབ་ལ་ཞུགས་པ་རེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཁོངས་མི་དང་ཆབ་སྲིད་པུའི་ཀྲུའུ་རེན་ཐེང་ཅི་གོ་ཚོགས་འདུར་ཕེབས་ནས་བསམ་འཆར་གསན་པ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་མོས་མཐུན་ཡོད། སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་ཀྱིས་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱབ་པ་དང་། ཕྱི་རོལ་ཡུལ་དང་མཐུན་ལ་ཕྱོགས་ཡོངས་དང་། ནང་དོན་ཞིབ་ཅིང་ཕྲ་བ། གཙོ་གནད་འབུར་དུ་ཐོན་པ་བཅས་ཡོད་ཅིང་། རྩོམ་སྲོལ་བབ་ཆགས་པ་དང་མི་སེམས་ལ་སྐུལ་མ་ཐེབས་པ་མ་ཟད། བརྗོད་དོན་མངོན་གསལ་དོད་པ་དང་བཀྲག་མདངས་འཚེར་ས་མང་བས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་སྙན་སྒྲོན་ཡག་པོ་ཞིག་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཝང་ཅུན་ཀྲེང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁྲིམས་འཛིན་ནན་པོ་དང་དྲང་གཞག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོའི་བདེ་རྩ་འགན་ལེན་བྱས་ཏེ་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བས་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་ཆེད་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་ནུས་ལྡན་བྱས་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཁྲིམས་འཛིན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་ཀྱིས་ཁྲིམས་འཛིན་གྱོད་སྒྲུབ་བརྒྱུད། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་ཉེན་ཁ་འགོག་ཟོན་དང་བསལ་ཏེ་སྤྱི་དམངས་ཀྱི་བདེ་འཇགས་ཚོར་སྣང་རྒྱུན་མཐུད་མཐོ་རུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། འབྱུང་རྩ་ནས་སྔོན་འགོག་ལ་མཐོང་ཆེན་བྱས་ཏེ་སྣ་མང་མཉམ་སྐྱོང་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དེ་བས་མངོན་པར་བྱས་ཡོད། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། དུས་བབ་གསར་པའི་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ“ཁྲིམས་ཀྱི་མདུད་པ”དཀྲོལ་བ་མ་ཟད་སེམས་ནད་ཀྱང་བསལ་བས་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་ཐག་གཅོད་དང་ཐོན་མ་ཐག་ནས་ཐག་གཅོད་ཐུབ་ཡོད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཁང་གཉིས་ཀྱི་ཏང་ཙུའི་ལས་དོན་སྙན་སེང་ཐེངས་མང་ཉན་ནས། མི་རྒྱུ་དངོས་གསུམ་ནས་རྒྱབ་སྐྱོར་བྱས་ཏེ་ཁང་གཉིས་ཀྱིས་ལས་དོན་སྤེལ་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་ཡོད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས། རང་ངོས་ཀྱི་ལས་དོན་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་དང་། ཇུས་འགོད། བཀོད་གཏོང་བཅས་བྱས་པ་དང་། མཐའ་མཚམས་མི་རིགས་ས་ཁུལ་དུ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་ཇི་ལྟར་རྒྱག་པར་རང་འགུལ་ངང་འཚོལ་ཞིབ་བྱས་ཏེ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་དགེ་མཚན་ལྡན་ལ་རྒྱང་ལྟའི་རང་བཞིན་གྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སློབ་སྦྱོང་ནན་ཏན་བྱས་ནས། རྒྱལ་ཡོངས་ཁྲིམས་ཁང་གི་བོད་སྐྱོར་དང་ཤིན་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་དང་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྲིམས་འཛིན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ། སྲིད་ཁྲིམས་ལས་དོན་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དེ་བས་ལེགས་པའི་ཞབས་འདེགས་ཞུ་དགོས།

གྲོས་ཞིབ་གནང་སྐབས་ཚང་མས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཁྲིམས་སྐྱོང་དགོངས་པ་དང་བྱེད་སྟངས་ལ་བརྟེན་ནས་རང་རྟོགས་ངང་སྒྱུར་བཅོས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་དང་འགལ་ཟླ་དང་ཉེན་ཁའི་འགྲན་སློང་ལ་ཁ་གཏད་བཅག་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་ཡོད། ཚང་མས་ད་དུང་ཤེས་ལྡན་པའི་རིག་སྟོབས་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་ཅན་འཛུགས་སྐྱོང་མགྱོགས་སུ་གཏོང་བ། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

བོད་ཀྱི་འཐུས་མི་ཚོགས་པས་ད་དུང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་གནང་བ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཕེབས་ནས་གྲོས་ཞིབ་བསམ་འཆར་གསན་པ་རེད།

(བསོད་བདེ་ཆེ་བ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)