ལྷོ་རོང་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་གླུ་གར་འགྲན་སྡུར་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025-03-11 09:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལྷོ་རོང་རྫོང་གིས་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཆབས་ཅིག་ཏུ་མང་ཚོགས་ཀྱི་རིག་གནས་འཚོ་བའི་ཆུ་ཚད་ཕུན་སུམ་ཚོགས་པོ་གཏོང་ཆེད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སོགས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ལ་དམིགས་ཏེ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་གཞི་རྟེན་དུ་བཟུང་ནས་དབྱངས་རྟ་གཙོ་བོའི་གླུ་གཞས་དང་། ཕུལ་བྱུང་གི་སྲོལ་རྒྱུན་གླུ་གཞས། གདོད་མའི་གླུ་གཞས་དང་བྲོ་གར་འགྲན་སྡུར་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་གྲོང་གསེབ་ཀྱི་རིག་གནས་དར་སྤེལ་གཏོང་བ་དང་། མང་ཚོགས་ཀྱི་རིག་གནས་ཡིད་ཆེས་ཆེ་རུ་བཏང་ཡོད།

དབྱངས་རྟ་གཙོ་བོའི་གླུ་གཞས་དང་ཕུལ་བྱུང་གི་སྲོལ་རྒྱུན་གླུ་གཞས་ནང་དུས་རབས་ཀྱི་དབྱངས་རྟ་གཙོ་བོ་ཤུགས་ཀྱིས་གྱེར་ཡོད། ད་ཆ་ལྷོ་རོང་མི་དམངས་ཀྱི་འཚོ་བ་སྐས་རིམ་གསར་པར་བསྐྱོད་དེ་དྲང་ནུས་གསར་པ་བརྒྱུད་བསྒྲགས་བྱ་ཆེད། ལྷོ་རོང་རྫོང་གིས་མི་རིགས་ཁག་གི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་འབྲེལ་ཡོད་འགྲན་སྡུར་སྤེལ་ཞིང་མཉམ་ལེན་གྱི་རྣམ་པའི་ཐོག་ནས་འགྲན་སྡུར་བྱས་ཡོད། འགྲན་ཞུགས་རུ་ཁག་གིས་གཟབ་མཆོར་ལེགས་པར་སྤྲས་ཅིང་ལག་ཏུ་རྒྱལ་དར་བཟུང་བ་དང་། སྤོབས་སེམས་ཀྱིས་ཁེངས་ཏེ་སྙན་པའི་གླུ་སྒྲ་དང་བརྩེ་བ་ཟབ་མོ། གསར་གཏོད་ཀྱི་རང་བཞིན་ལྡན་པའི་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་མཚོན་པ་མ་ཟད། མཐུན་སྒྲིལ་འབད་འཐབ་དང་ཡར་སྐུལ་གྱི་བསམ་པའི་ཉམས་མྱུར་མངོན་ཡོད། མིག་སྔའི་བར་དབྱངས་རྟ་གཙོ་བོའི་གླུ་གཞས་ཀྱི་གྲོང་ཚོ་རིམ་པའི་གྲ་སྒྲིག་འགྲན་སྡུར་ཐེངས24དང་། ཤང་རིམ་པའི་ཐོག་མའི་འགྲན་སྡུར་ཐེངས4 ཕུལ་བྱུང་གི་སྲོལ་རྒྱུན་གླུ་གཞས་ཀྱི་གྲོང་ཚོ་རིམ་པའི་གྲ་སྒྲིག་འགྲན་སྡུར་ཐེངས18 ཤང་རིམ་པའི་ཐོག་མའི་འགྲན་སྡུར་ཐེངས2བཅས་སྤེལ་ཡོད།

གླུ་གཞས་གསར་པའི་འགྲན་སྡུར་གྱིས་དུས་རབས་གསར་པའི་ཉམས་འགྱུར་མངོན་ཡོད། ལྷོ་རོང་རྫོང་ལ་ཧ་ཅང་སྙན་ཞིང་འཇེབས་པའི་གདོད་མའི་གླུ་གཞས་ཧ་ཅང་མང་པོ་ཞིག་ཡོད་ལ། གླུ་གཞས་དེ་དག་གིས་ཆབ་མདོ་བཅིངས་འགྲོལ་བཏང་བའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་དང་། གསར་བརྗེའི་སྔོན་རབས་པའི་དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད་པ་མ་ཟད། ཁ་ཤས་ཀྱིས་ཕ་ཡུལ་གྱི་འགྱུར་ལྡོག་གླེང་བ་དང་འགའ་ཤས་ཀྱིས་མི་དམངས་ཀྱི་སྙིང་སྟོབས་ལ་བསྟོད་གླུ་ཡང་གྱེར་ཡོད། མིག་སྔའི་བར། གདོད་མའི་གླུ་གཞས་ཀྱི་གྲོང་ཚོ་རིམ་པའི་གྲ་སྒྲིག་འགྲན་སྡུར་ཐེངས28དང་། ཤང་རིམ་པའི་ཐོག་མའི་འགྲན་སྡུར་ཐེངས3སྤེལ་ཡོད།

བྲོ་གར་ལ་བརྟེན་ནས་དུས་རབས་ཀྱི་ཕུགས་བསམ་རི་མོ་བྲིས་པ། འགྲན་སྡུར་ཡུལ་དངོས་སུ་བྲོ་འཁྲབ་པ་ཚོས་སྐོར་བྲོ་དང་རལ་པའི་ཞབས་བྲོ་འཁྲབ་ཏེ་མི་རིགས་ཀྱི་བྲོ་གར་དེ་དུས་རབས་གསར་པའི་གསོན་ཤུགས་དང་བོད་མི་དམངས་ཀྱི་དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས་མངོན་པ་དང་། ལྷོ་རོང་མི་དམངས་དུས་རབས་གསར་པར་བསྐྱོད་པ་དང་ཕུགས་བསམ་གསར་པ་འཚོལ་སྙེག་བྱེད་པའི་ཆོད་སེམས་མཚོན་ཡོད། མིག་སྔའི་བར“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གླུ་གར་འགྲན་སྡུར་གྱི་གྲོང་ཚོ་རིམ་པའི་གྲ་སྒྲིག་འགྲན་སྡུར་ཐེངས34དང་། ཤང་རིམ་པའི་ཐོག་མའི་འགྲན་སྡུར་ཐེངས4སྤེལ་ཡོད།