གསར་འགྱུར་སྤེལ་དུས། 【2025-03-11 09:00:00】
དམར་མདངས་གཏམ་རྒྱུད་གྱེར་ཀློག་དང་མཉམ་སྤྱོད་བྱེད་པའི་ཡུལ་དངོས་ཡིན་པ།
སྨན་བཅོས་བྱེད་སྒོའི་ཡུལ་དངོས་ཡིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཨང་115སླེབས་ཉེའི་མཚམས་སུ། ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཅིངས་འགྲོལ་ཐང་ཆེན་དུ་“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་དང་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་དམར་མདངས་གཏམ་རྒྱུད་གྱེར་ཀློག་དང་ཉམས་སྤྱོད་བྱེད་པའི་ཚོགས་འདུ་གཟབ་རྒྱས་ངང་སྤེལ་བ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་། ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཡིན་པའི་ལིས་པིང་ཚོགས་འདུ་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་ཕུལ་ཡོད།
གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། གྲོང་ཁྱེར་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ཀྱི་འབྲེལ་ཡོད་བློ་མཐུན་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི2024ལོའི་ལོ་འཁོར་གྱི་གསུམ་བརྒྱད་དར་དམར་བ་དང་། གསུམ་བརྒྱད་དར་དམར་མཉམ་སྡེབ་བཅས་ཀྱི་མཚན་སྙན་ཐོབ་པའི་འཐུས་མི་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པའི་བུད་མེད་ལྷན་ཚོགས་ཀྱི་ཁོངས་མི། བུད་མེད་ཀྱི་འཐུས་མི་བཅས་མི300ལྷག་ཐེངས་འདིའི་བྱེད་སྒོ་ཞུགས་ཡོད།
མཐར་བྱེད་སྒོ་ཞུགས་པའི་འགོ་ཁྲིད་དང་མང་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་བུད་མེད་དང་བྱིས་པའི་ལས་དོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མིའི་ཚན་པས་སྤེལ་བའི་“ལོ་ལྔ་ཚན་བཅོ་ལྔ་པའི”རིང་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཕན་འབྲས་འགྲེམས་སྟོན་དང་དེ་བཞིན་ས་གནས་ས་ཐོག་ཏུ་སྨན་བཅོས་བྱེད་སྒོར་ལྟ་སྐོར་བྱས་ཡོད།