གསར་འགྱུར་སྤེལ་དུས། 【2025-03-14 09:00:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས2025ལོའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་སྡུར་ཆེ་མོ་སྐབས་དང་པོའི་མཐའ་སྡུར་གཉེར་བ་རེད།
ད་ཐེངས་ཀྱི་འགྲན་སྡུར་དེ་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན་བྱས་པ་བརྒྱུད་ཕུལ་བྱུང་གི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འགན་འཁུར་བ་10ཡིས་རང་ཉིད་ཀྱི་རྣམ་གྲངས་འགྲེམས་སྟོན་བྱས་པ་རེད།
འགྲན་ཞུགས་པ་ཚོས་རྣམ་གྲངས་ཀྱི་རྒྱབ་ལྗོངས་དང་། ནང་དོན། ཕན་འབྲས། འབྱུང་འགྱུར་གྱི་རྒྱང་ལྟ་བཅས་རེ་རེ་བཞིན་བཤད་པ་མ་ཟད། དངོས་ཡོད་ཀྱི་གྲངས་གཞི་དང་། གསོན་ཉམས་ལྡན་པའི་གྱོད་དཔེ། པར་རིས་མཉམ་འདུས། གཏིང་ཟབ་ཅིང་གོ་སླ་བ་བཅས་ཀྱི་རྣམ་གྲངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ལྟེ་བའི་འགྲན་ནུས་འགྲེམས་སྟོན་བྱས་པ་དང་སྐར་མ་7རིང་གསལ་འགྲེལ་བྱས་པ་དེས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་མིག་དབང་དང་སེམས་ཁམས་ཅིག་ཅར་འཕྲོག་ཡོད།
དེ་རྗེས་དཔྱད་བསྡུར་ཚོགས་ཆུང་གིས་དྲང་བདེན་དང་། དྲང་གཞག་གི་རྣམ་འགྱུར་ཐོག་ནས་དཔྱད་བརྗོད་དང་དྲི་བ་བཏོན་པར་བདམས་ཐོན་པ་ཚོས་ངང་རྒྱུད་རིང་པོའི་སྒོ་ནས་ལན་བཏབ་པས་ས་ཡུལ་དངོས་ཀྱི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་སོང་ཡོད།
ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་ཐོག“སྐབས་བཅུ་བཞི་པའི་ཀྲུང་གོའི་གཞོན་ནུ་དང་བླངས་པའི་ཕུལ་བྱུང་རྣམ་གྲངས་ཀྱི་བྱ་དགའ་ཐོབ་མཁན”ཧྭ་ནན་དགེ་འོས་སློབ་ཆེན་ཞིབ་འཇུག་གསར་སྤེལ་ཚོགས་པ་དང་།“སྐབས་བདུན་པའི་ཀྲུང་གོའི་གཞོན་ནུ་དང་བླངས་པའི་ཞབས་ཞུའི་རྣམ་གྲངས་ཀྱི་འགྲན་བསྡུར་ཆེ་མོའི་གསེར་གྱི་བྱ་དགའ་ཐོབ་མཁན་ཁྲུང་ཆིང་སློབ་ཆེན་ཞིབ་འཇུག་གསར་སྤེལ་ཚོགས་པས་དང་བླངས་ཞབས་ཞུའི་རྣམ་གྲངས་མཉམ་སྤྱོད་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་ཆེ་མོ་དེ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་པ་དང་། ཟླ་2པར་འགྲན་བསྡུར་བརྡ་ཐོ་བཏང་བ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་ཁྱོན་33བསྡུ་རུབ་བྱས་པ་དེའི་ནང་ལོ་ཆུང་བྱིས་པར་གཅེས་སྐྱོང་དང་། བཅའ་ཁྲིམས་ཞབས་ཞུ་དང་དུག་འགོག་སློབ་གསོ། ཤེས་དཔལ་ལག་ལེན། རྒན་རྒོན་ལ་ཞབས་ཞུ། རིག་གནས་བརྒྱུད་སྤེལ་དང་ཡུལ་སྐོར་ཞབས་ཞུ། ཁོར་ཡུག་སྲུང་སྐྱོང་། དབང་པོ་སྐྱོན་ཅན་ལ་རོགས་རམ། འཕྲལ་སྡོམ་རོགས་སྐྱོབ་སོགས་རྣམ་གྲངས་8ཚུད་ཡོད་པ་དང་། མཐར་མཐའ་སྡུར་ནང་ཚུད་པའི་རྣམ་གྲངས་10དེ་དག་གིས་རང་སོ་སོའི་ཁྱབ་ཁོངས་སུ་ཆབ་མདོའི་གཞོན་ནུའི་དང་བླངས་ཞབས་ཞུའི་འགན་འཁྲི་འཁུར་སེམས་དང་འབད་འབུངས་ཆེར་བསྐྱེད་མཚོན་ཡོད།