གསར་འགྱུར་སྤེལ་དུས། 【2025-03-18 09:00:00】
འདི་ནི་གྲོང་མི་ཚོས་ཡིད་སེམས་འགུག་བའི་བརྩམས་ཆོས་ལ་འདེམས་ཤོག་འཕེན་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་15ཉིན། བྲག་གཡབ་རྫོང་ཨ་ཚུར་ཤང་འདན་ཕུ་གྲོང་ཚོས།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་གཏམ་རྒྱུད་གྱེར་འདོན་དང་། པར་ལེན་འགྲན་བསྡུར་དང་དེ་བཞིན་བརྙན་ཐུང་འགྲན་བསྡུར་གྱི་གྲོང་ཚོ་རིམ་པའི་གྲ་སྒྲིག་འགྲན་བསྡུར་བྱེད་སྒོ་བདེ་བླག་ངང་གཉེར་ནས།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་སྙིང་སྟོབས་མུ་མཐུད་ནས་ལག་བསྟར་གཏིང་ཟབ་བྱས་ཡོད་པ་རེད།
བྱེད་སྒོ་མ་སྤེལ་གོང་། གྲོང་མི་ཚོས་ཡིད་སེམས་འགུག་བའི་བརྩམས་ཆོས་ལ་དར་དམར་ཆུང་ཆུང་སྦྱར་བའི་རྣམ་པ་ཐོག་ནས། པར་རིས་28དང་བརྙན་ཐུང་8སྔོན་འགྲན་གྱི་བརྩམས་ཆོས་མང་པོའི་ཁྲོད་ནས་འབུར་དུ་ཐོན་པ་རེད།
འགྲན་ཞུགས་བརྩམས་ཆོས་ཀྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་ནང་དོན་ཕུན་སུམ་ཚོགས་པ།འདན་ཕུ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་དང་།དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོར་གང་ལེགས་མཚོན་ཡོད་པ་དང་།འདན་ཕུ་གྲོང་ཚོའི་རྒྱ་ཆེའི་མང་ཚོགས་ཚོས་མེས་རྒྱལ་ལ་དགའ་ཞེན་དང་།ཕ་ཡུལ་འཛུགས་སྐྲུན།བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་མཁན་བདམས་ཐོན་པ་ཚང་མས་ལག་ནང་གི་པར་ཆས་བརྒྱུད་འདན་ཕུ་གྲོང་ཚོའི་མཛེས་སྡུག་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་ཞིབ་ཕྲ་ངང་ཟིན་ཐོར་བཀོད་པ་དང་། ཏང་དང་མི་དམངས་སྲིད་གཞུང་གི་སྣེ་ཁྲིད་དང་རོགས་རམ་འོག་འདན་ཕུ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད་པ་རེད།