ཞིང་ལས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་གིས།“3·15”དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025-03-18 09:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2025ལོའི་“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོ་འཆར་ཉེར་ཡོད་པའི་མཚམས་སུ། ཟླ3ཚེས14ཉིན་གྱི་སྔ་དྲོར། ཞིང་ལས་དངུལ་ཁང་ཆབ་མདོའི་ཡན་ལག་དངུལ་ཁང་གིས་ཐང་སྐྱ་གྲོང་ཚོར“དངུལ་རྩའི་ཁེ་དབང་འགན་ལེན་བྱས་ནས། དགའ་སྐྱིད་ལྡན་པའི་འཚོ་བར་མཐུན་རྐྱེན་སྒྲུབ”ཅེས་པ་བརྗོད་དོན་གཙོ་བོའི་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་མཐོ་རིམ་རིགས་གཅིག་མཁས་དབང་། ཆབ་མདོའི་ཡན་ལག་དངུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཧང་ཀྲང་ཕུན་ཚོགས་དང་ཞིང་ལས་དངུལ་ཁང་གི་ལས་དོན་མི་སྣས་གྲོང་མི་ཚོར་རྒྱུན་དུ་འཚོ་བའི་ཁྲོད་འཕྲད་སྲིད་པའི་དངུལ་རྩའི་ཉེན་ཁར་དམིགས་ཏེ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་ལུགས་དང་། གཡོ་སྒྱུ་མགོ་སྐོར་འོག་མི་ཚུད་པ། ཐབས་ངན་སྤྱད་དེ་ཉེན་རྟོག་པ་དང་ཁྲིམས་ཁང་གི་ལས་བྱེད་པ་སོགས་ཡིན་ཁུལ་བྱས་ནས་མི་གཞན་ལ་མགོ་སྐོར་གཏོང་བའི་སྤྱོད་ངན་མཐའ་དག་དམར་རྗེན་དུ་བཏོན་ནས་གློག་འཕྲིན་ཁ་བསླུས་ལ་དོགས་ཟོན་བྱེད་སྟངས་སོགས་གསལ་བཤད་བྱེད་པ་རེད། གསན་མཁན་གྲོང་མི120ལྷག་ཙམ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ཐོག་ཁྱོན་བསྡོམས་དྲིལ་བསྒྲགས་ཤེས་བྱའི་ལག་དེབ་དང་རི་མོ་ལག་པའི་དེབ་150ལྷག་སྤྲད་དེ་གྲོང་མི་ཚོས་དུས་དང་རྣམ་པ་ཀུན་ཏུ་དངུལ་རྩའི་ཤེས་བྱའི་སློབ་སྦྱོང་དང་ཉེན་ཁར་དོགས་ཟོན་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྟབས་བདེ་བསྐྲུནཡོད། དུས་མཚུངས་སུ་ཞིང་ལས་དངུལ་ཁང་གིས་ཀྱང་རྫོང(ཆུས)11ཏུ་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་སྒྲོག་འགྲེལ་བྱེད་སྒོ་དུས་གཅིག་ཏུ་སྤེལ་བ་རེད།