གསར་འགྱུར་སྤེལ་དུས། 【2025-03-18 09:00:00】
ཀྲོང་ཅིན་སུང་གིས་དམག་མི་གསར་པར་མཇར་དར་བསྒྲོན་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས15ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་2025ལོའི་དམག་མི་གསར་པ་དམག་དཔུང་དུ་ཞུགས་པར་སྐྱེལ་མ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་ཀྲོང་ཅིན་སུང་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཞུགས་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་ཡན་ལག་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཀའོ་ཅིན་པིང་གིས་སྐྱེལ་མ་ཞུ་བའི་མཛད་སྒོ་གཙོ་སྐྱོང་ཞུས་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་དང་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས་ཡོད།
སྐྱེལ་མ་ཞུ་བའི་མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། དམག་མི་གསར་པའི་འཐུས་མིས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་ཡོད།
ཀྲོང་ཅིན་སུང་གིས་དམག་དཔུང་གི་ལམ་བུའི་ཐོག་བསྐྱོད་གྲབས་ཡོད་པའི་དམག་མི་གསར་པ་ཚོར་རྟེན་འབྲེལ་ཞུས་པ་མ་ཟད་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས་ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་འཁྲུངས་ཡུལ་བཅས་ཡིན་པས་རྒྱལ་གཅེས་ཀྱི་ཁྲག་རྒྱུན་དང་། བློ་དཀར་གྱི་རང་གཤིས། དཔའ་བོའི་གཞི་རྒྱུ་བཅས་ཡོད་པས། དམག་མི་གསར་པ་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་ཐག་རྦད་ཆོད་ཀྱིས་ཏང་གི་བཀོད་འདོམས་ལ་ཉན་པ། རང་གི་ཕུགས་བསམ་དེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ནང་འཇོག་པ། གཟི་བརྗིད་ལ་བརྩི་མཐོང་དང་། དཔུང་སྟོབས་ཧྲག་དམག དམག་སྒར་བྱས་རྗེས་འཇོག་བཅས་བྱས་ཏེ་ས་གནས་ཀྱི་གཞོན་ནུ་ཚོ་ཚད་ལྡན་གྱི་དམག་མི་འགྱུར་བར་བྱས་ནས་དངོས་ཡོད་བྱ་སྤྱོད་ཀྱི་ཐོག་ནས་ཏང་ཐུགས་བློ་བདེ་པོ་ཡོང་བ་དང་། དམག་དཔུང་སྟོབས་ཆེར་གཏོང་བར་ང་ཡིས་འབད་པའི་དམ་བཅའ་ལག་བསྟར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་། དམག་དཔུང་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཐུབ་པའི་ཉམས་སད་ཐེག་པའི་འཇོན་ཐང་སྦྱོང་བ། འཆི་རྒྱུར་མི་སྐྲག་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཕུལ་བྱུང་དཔེ་དམག་ལ་མིག་དཔེ་ལྟ་བ་བཅས་བྱས་ཏེ། བླ་སྲོག་ལྡན་པ་དང་། འཇོན་ཐང་ལྡན་པ། ངར་ཤུགས་ལྡན་པ། ཀུན་སྤྱོད་བཟང་བ་བཅས་ཀྱི་དུས་རབས་གསར་པའི་གསར་བརྗེའི་དམག་མི་ཞིག་བརྩོན་ལེན་བྱེད་དགོས་ཅེས་བསྟན།