གསར་འགྱུར་སྤེལ་དུས། 【2025-04-04 10:55:00】
པར་འདི་ནི་དབོན་པོ་སྟོད་ཤང་གི་ཐང་གའི་འགྲན་སྡུར་ཡུལ་དངོས་ཡིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས21ཉིན་འཇོ་མདའ་རྫོང་དབོན་པོ་སྟོད་ཤང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་སྲོལ་རྒྱུན་དང་དེང་རབས་ཀྱི་ཐོན་སྐྱེད་འཚོ་བའི་རྩལ་ནུས་འགྲན་སྡུར་སྤེལ་བ་རེད། སྲིད་འཛིན་གྲོང་ཚོ་ཁག་ནས་ཡོང་བའི་བདམས་ཐོན་པ40ཐེངས་འདིའི་འགྲན་སྡུར་ནང་ཞུགས་ཏེ་རང་ཉིད་ཀྱི་འཇོན་ཐང་དང་རྩལ་ནུས་ངོམ་པར་བྱས་ཡོད།
ཐེངས་འདིའི་བྱེད་སྒོ་ལེགས་གྲུབ་བྱུང་བ་དེས་ཤང་ཡོངས་སུ་མདུན་སྐྱོད་ཡར་བརྩོན་གྱི་རྣམ་པ་ཟབ་མོ་ཞིག་བསྐྲུན་ཡོད། དེས་མང་ཚོགས་ལ་རྩལ་ནུས་འགྲེམས་སྟོན་གྱི་གར་སྟེགས་ཤིག་མཁོ་འདོན་བྱུང་བ་མ་ཟད་ཚང་མས་སྲོལ་རྒྱུན་དང་དེང་རབས་ཀྱི་རྩལ་ནུས་ལ་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ལ་སྐུལ་སློང་ཐེབས་པ་དང་དབོན་པོ་སྟོད་ཤང་གི་རིག་གནས་རྒྱུད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་དེ་བས་སྐུལ་འདེད་ནུས་ལྡན་བཏང་ཡོད།
པར་འདི་ནི་དབོན་པོ་སྟོད་ཤང་གི་ཐང་གའི་འགྲན་སྡུར་ཡུལ་དངོས་ཡིན་པ།