སྨར་ཁམས་རྫོང་གིས།བྱེད་ཐབས་མང་པོ་སྤྱད་དེ་རྨོ་ཞིང་སྲུང་སྐྱོང་དམར་ཐིག་བརྟན་པོར་བསྲུངས་པ།

གསར་འགྱུར་སྤེལ་དུས།  【2025-04-25 10:15:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དང་ས་ཆ་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ།“ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། སྡེ་ཚན་གྱིས་མཐུན་སྦྱོར། སྤྱི་དམངས་ཞུགས་པ། གོང་འོག་མཉམ་འགུལ”བཅས་ཀྱི་ཐུན་མོང་འགན་འཁྲིའི་ལམ་སྲོལ་བཙུགས་ནས། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་མཐའ་གཅིག་ཏུ་བརྟན་པོ་བསྲུངས་པ་རེད།

ཁྲིམས་འགལ་ངང་ས་ཞིང་སྤྱོད་པ་དང་ཁྲིམས་འགལ་ངང་འཛུགས་སྐྲུན་བྱེད་རིགས་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་བཅོས་སྐྱོང་བྱ་ཆེད། སྨར་ཁམས་རྫོང་གིས“འགལ་གཉིས”བཅོས་སྒྲིག་དང་གྲོང་གསེབ་ཀྱི་རྨོ་ཞིང་གང་བྱུང་དུ་བཟུང་ནས་ཁང་པ་བརྒྱབ་པའི་གནད་དོན་བཅོས་སྒྲིག་སོགས་ཀྱི་བྱ་སྤྱོད་སྤེལ་ནས་ཁྲིམས་འགལ་ངང་ས་ཞིང་བཟུང་རིགས་སྔོན་འགོག་ནན་པོ་དང་། ཚོད་འཛིན་ནན་པོ། བཤིག་སློག་ནན་པོ་བཅས་བྱས་པ་མ་ཟད། སྲུང་སྐར་གྱི་འགུལ་ཚད་མྱུར་བའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྲངས་གཞི་དང་ཟུང་འབྲེལ་གྱིས་རྒྱུན་གཏན་གྱི་སྐོར་ཞིབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྨོ་ཞིང་གི་སྤྱོད་སྒོར་དོ་དམ་ནན་པོ་བྱས་པ་རེད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)