གསར་འགྱུར་སྤེལ་དུས། 【2025-06-10 10:20:00】
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། སློབ་གསོ་པུའུ་ཡིས《2025ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུ་ལས་དོན་ཡག་པོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར》པར་སྐྲུན་འགྲེམས་སྤེལ་བྱས་ཏེ། 2025ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུ་ལས་དོན་བཀོད་སྒྲིག་བྱས། 《བརྡ་སྦྱོར》གཞིར་བཟུང་ན། རྒྱལ་ཡོངས་ཀྱིས2025ལོའི་མཐོ་རྒྱུགས་གཅིག་གྱུར་སྒོས་ཟླ6པའི་ཚེས7ཉིན་དང་ཚེས8ཉིན་སྤེལ་རྒྱུ་རེད།
རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཟླ6པའི་ཚེས7ཉིན་ནས་བཟུང་གཅིག་གྱུར་གྱིས་མགོ་རྩོམ་རྒྱུ་ཡིན་པ་དང་། ཞིབ་ཕྲའི་བསླབ་ཚན་གྱི་རྒྱུགས་ལེན་དུས་ཚོད་ནི་ཟླ6པའི་ཚེས7ཉིན་གྱི་དུས་ཚོད9:00ནས་དུས་ཚོད11:30བར་གྱི་སྐད་ཡིག་དང་། དུས་ཚོད15:00ནས་དུས་ཚོད 17:00བར་རྩིས་རིག་ཡིན་པ། ཟླ6པའི་ཚེས8ཉིན་གྱི་དུས་ཚོད9:00ནས་དུས་ཚོད11:30བར་རིག་ཚན་དང་རྩིས་ཚན་གྱི་ཕྱོགས་བསྡུས་བསླབ་ཚན། དུས་ཚོད15:00ནས17:00བར་ཕྱི་ཡིག་དང་། ཕྱི་སྐད་ཉན་རྒྱུགས་དེ་སྤྱིར་བཏང་དུ་ཕྱི་ཡིག་གི་ཡིག་རྒྱུགས་སྔོན་དུ་བཀོད་སྒྲིག་བྱས་ཡོད།
ཞིང་ཆེན་དང་ཁུལ། གྲོང་ཁྱེར་སོ་སོའི་རྒྱུགས་ལེན་བསླབ་ཚན་གྱི་མིང་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་བསླབ་ཚན་གྱི་མིང་གཅིག་མཚུངས་ཡིན་ན་ངེས་པར་དུ་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་དུས་ཚོད་བཀོད་སྒྲིག་དང་གཅིག་མཐུན་ཡོང་བར་བྱེད་དགོས།
ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་ལེན་དང་མཐོ་སློབ་ཀྱི་སློབ་བསྡུ་རྒྱུགས་ལེན་དུས་ཚོད་སོ་སོ་ཞིང་ཆེན་རིམ་པའི་སློབ་བསྡུ་ཨུ་ཡོན་ལྷན་ཁང་དང་མཐོ་སློབ་ཀྱིས་སློབ་གསོ་པུའུ་ཡི་འབྲེལ་ཡོད་བླང་བྱ་ལྟར་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་དགོས། །