གསར་འགྱུར་སྤེལ་དུས། 【2025-06-13 10:15:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས4ཉིན། སྐབས་གཉིས་པའི་ཆབ་མདོ་གྲོང་ཨུད་ཀྱི་རེས་སྐོར་དགུ་པའི་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་ཚོགས་འདུ་གཅིག་རྗེས་གཉིས་མཐུད་ངང་འཚོགས་པ་རེད། ཚོགས་འདུའི་ཐོག་སྐོར་ཞིབ་ཚོགས་ཆུང་ཁག་གིས་སྐོར་ཞིབ་བྱ་ཡུལ་ཚོགས་པ་ཆེ་མོ་ལྔ་ལ་སྐོར་ཞིབ་གནས་ཚུལ་ཚུར་ལན་སྤྲད་པ་མ་ཟད་དག་ཐེར་བླང་བྱ་བཏོན་པ་དང་། ཚོགས་པ་ཆེ་མོ་ལྔ་ཡིས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་ཏེ་སྐོར་ཞིབ་དག་ཐེར་ལས་དོན་ཏན་ཏན་ཏིག་ཏིག་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་ཡོད།
གྲོང་ཁྱེར་མ་འཇོག་འཕེལ་རྒྱས་ཚོགས་པའི་ཚུར་ལན་ཚོགས་འདུའི་ཐོག གྲོང་ཁྱེར་མ་འཇོག་འཕེལ་རྒྱས་ཚོགས་པའི་འགོ་ཁྲིད་གཙོ་བོས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་ཞིང་། ཁོང་གིས་ཚོགས་པའི་གོང་འོག་བར་གསུམ་གྱིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། རྒྱལ་ཁོངས་ཁེ་ལས་ཀྱི“སྤྱོད་གཙང་དང་། ནུས་མཐོ། དོན་གཉེར”བཅས་ཀྱི་སྣང་བརྙན་འཛུགས་པ་བཅས་བྱས་ཏེ། སྐོར་ཞིབ་དག་ཐེར་ལས་དོན་ཕན་འབྲས་ཆེ་བའི་སྒོ་ནས་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་གཏོང་རྒྱུའི་བསམ་པ་བསྟན།
གྲོང་ཁྱེར་ཞིང་ལས་འཕེལ་རྒྱས་ཚོགས་པའི་ཚུར་ལན་ཚོགས་འདུའི་ཐོག གྲོང་ཁྱེར་ཞིང་ལས་འཕེལ་རྒྱས་ཚོགས་པའི་འགོ་ཁྲིད་གཙོ་བོས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་ཞིང་། ཁོང་གིས་ཚུར་ལེན་བསམ་འཆར་མཐའ་གཅིག་ཏུ་སྲུང་སྐྱོབ་དང་ལྷག་བསམ་རྣམ་དག་གིས་དང་ལེན་བྱས་ཏེ། བློ་ཐག་ཆོད་པའི་རྣམ་འགྱུར་གྱི་ཐོག་ནས་དག་ཐེར་དག་ཐེར་དམ་འཛིན་བྱ་རྒྱུའི་བསམ་པ་བསྟན།
གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་པའི་ཚུར་ལན་ཚོགས་འདུའི་ཐོག གྲོང་ཁྱེར་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་པའི་འགོ་ཁྲིད་གཙོ་བོས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་ཞིང་། ཁོང་གིས་དག་ཐེར་ལས་དོན་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་དང་གྲུབ་འབྲས་ལེགས་སྒྱུར་ལ་དོ་ཁུར་བྱེད་པ། དག་ཐེར་དངོས་ཕན་ལ་བརྟེན་ནས་ལས་དོན་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་བསམ་པ་བསྟན།
གྲོང་ཁྱེར་གཏེར་ལས་འཕེལ་རྒྱས་ཚོགས་པའི་ཚུར་ལན་ཚོགས་འདུའི་ཐོག གྲོང་ཁྱེར་གཏེར་ལས་འཕེལ་རྒྱས་ཚོགས་པའི་འགོ་ཁྲིད་གཙོ་བོས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་ཞིང་། ཁོང་གིས་སྐོར་ཞིབ་དག་ཐེར་ལས་དོན་གྱི་འགན་འཁྲི་ཆེ་ཞིང་ལས་འགན་ལྗིད་པོ་ཞིག་རེད། གྲོང་ཁྱེར་གཏེར་ལས་ཚོགས་པས་དག་ཐེར་གྱི་ཇུས་གཞི་ཡང་དག་བཟོ་བ་དང་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་ཡིན་པའི་བསམ་པ་བསྟན།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)