“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”དཔའ་ཤོད་རྫོང་གི་པར་ལེན་དང་བརྙན་ཐུང་གི་རྫོང་རིམ་པའི་བསྐྱར་འགྲན་ཐོག་མ་གཉེར་བ།

གསར་འགྱུར་སྤེལ་དུས།  【2025-07-08 10:45:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། དཔའ་ཤོད་རྫོང་གི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་པར་ལེན་དང་བརྙན་ཐུང་གི་རྫོང་རིམ་པའི་བསྐྱར་འགྲན་ཐོག་མ་གཉེར་བ་རེད། བྱེད་སྒོ་འགོ་ཚུགས་པའི་ཚུན་དུ། རྫོང་ཡོངས་ཀྱི་ཤང་གྲོང14ཡི་པར་ལེན་བརྩམས་ཆོས42དང་བརྙན་ཐུང་བརྩམས་ཆོས42འབྱོར་བའི་ནང་། དཔྱད་འདེམས་ཚོགས་པས་ཐོག་མའི་དཔྱད་འདེམས་དང་བསྐྱར་འདེམས་བྱས་རྗེས་རྩེ་གྲའི་པར་ལེན་བརྩམས་ཆོས16དང་ཕུལ་བྱུང་བརྙན་ཐུང་བརྩམས་ཆོས13བདམས་ཐོན་བྱུང་ནས་བསྐྱར་འགྲན་ནང་ཚུད་པ་རེད།

བསྐྱར་འགྲན་གྱི་ཡུལ་དངོས་ཐོག་ཆེད་ལས་དཔྱད་འདེམས་ཚོགས་པས་དཔྱད་འདེམས་བྱས་པ་བརྒྱུད།《རི་ཆུ་ཡིས་སྐྱེ་ཁམས་ལེའུ་གསར་པ་འབྲི》ཞེས་པར་བྱ་དགའ་ཨང་དང་པོ་དང་།《ར་འོག》ཅེས་པར་བྱ་དགའ་ཨང་གཉིས་པ།《གངས་རིའི་འདབས་ཀྱི་འོད་སྣང་གི་འབྲེལ་ཐག》ཅེས་པར་བྱ་དགའ་ཨང་གསུམ་པ་བཅས་ཐོབ་པ་རེད། བརྩམས་ཆོས་འདི་དག་གིས་ས་ཁམས་ཀྱི་མཛེས་སྡུག་མངོན་པ་མ་ཟད། དེ་བས་ཀྱང་བརྙན་མིག་གི་ལམ་ནས་དཔའ་ཤོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་འཕེལ་རྒྱས་ཀྱི་གསོན་ཤུགས་བརྒྱུད་བསྒྲགས་བྱས་ཡོད།

བརྙན་ཐུང་འགྲན་སྡུར་ཐོག 《དམར་མདངས་ཀྱི་སྣེ་ཁྲིད་འོག་མཁར་གྲོང་གསར་པ་འཕོ་འགྱུར་འགྲོ་བཞིན་པ》དང་། 《ཏང་འཛུགས་དཔེ་སྟོན་ཁང་འཚོལ་ཞིབ་བྱས་ཏེ་ཝ་མདའ་ཤང་གི་གྲོང་གསེབ་དར་རྒྱས་དང་ཟས་མཆོག་གི་སྒོ་མོ་ཕྱེས་པ》《“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”འགྲན་སྡུར་སྣ་མང་ཕུན་སུམ་ཚོགས》བཅས་ལ་རིམ་པ་བཞིན་བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་ཐོབ་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)