གསར་འགྱུར་སྤེལ་དུས། 【2025-07-08 10:45:00】
སྨན་དོན་མི་སྣས་གྲོང་མིར་སྨན་བཅོས་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ད་ལོ་ནི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》ལག་ལེན་བསྟར་ནས་ལོ་བཞི་འཁོར་གྱི་ཡོད། སྡེ་ཁུལ་ཡོ་བསྲང་ལས་དོན་སྤྱི་ཚོགས་ཀྱིས་ཤེས་ཚད་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་ཤུགས་སྣོན་རྒྱག་ཆེད། ཉེ་ཆར། རང་རེའི་གྲོང་ཁྱེར་གྱི་ཚན་པ30ལྷག་མཉམ་འབྲེལ་གྱིས་ཇ་རྟ་ཐང་ཆེན་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》ལག་ལེན་བསྟར་ནས་ལོ་ལྔ་འཁོར་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་ཡུལ་དངོས་སུ། འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་ཁྲིམས་ལུགས་བློ་འདྲི་སྟེགས་བུ་འཛུགས་པ་སོགས་ཀྱི་ལམ་ནས་ཁྲིམས་འཛིན་ལས་དོན་མི་སྣས་ངང་རྒྱུད་རིང་པོས་ཕར་འགྲོ་ཚུར་འོང་བྱེད་པའི་མང་ཚོགས་ལ་སྡེ་ཁུལ་ཡོ་བསྲང་སྐོར་གྱི་ཁྲིམས་ལུགས་གནད་དོན་རིགས་ལ་འགྲེལ་བཤད་བསྐྱོན་པ་དང་། “མི་གང་དག་གིས་སྡེ་ཁུལ་ཡོ་བསྲང་བཀོལ་སྤྱོད་ཆོག་པ”ནས“སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་གཏན་འབེབས་གང་དག་ལ་བརྩི་སྲུང་བྱེད་དགོས“པའི་བར་ལས་དོན་མི་སྣས་འགྲེལ་བཤད་རེ་རེ་བཞིན་བརྒྱབ་ཏེ། མང་ཚོགས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》ལ་རྒྱུས་ལོན་ཟབ་མོ་བྱུང་དུ་བཅུག་ཡོད།
ཐེངས་འདིའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》ལག་ལེན་བསྟར་ནས་ལོ་ལྔ་འཁོར་བའི་དྲིལ་བསྒྲགས་བྱེད་སྒོ་ཐོག་དྲིལ་བསྒྲགས་དཔྱད་ཡིག2000ལྷག་ཙམ་སྤྲད་པ་དང་། མི3000ལྷག་ལ་སློབ་གསོ་ཐེབས་པ། མི་ཐེངས80ལྷག་ཙམ་གྱི་འབྲེལ་ཡོད་བློ་འདྲིར་ལན་བརྒྱབ་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)