གསར་འགྱུར་སྤེལ་དུས། 【2025-07-11 09:00:00】
ལའོ་ཆིན་འུའུ་ཡིས་སྒྲིག་འགལ་ངང་ཟ་འཐུང་བྱེད་པ་དེ་ལས་སླ་པོ་ཞིག་གཏན་ནས་མ་ཡིན་ཏེ།“སྤྱོད་ཚུལ་ངན་པ་བཞི”སྐྱེད་བྱེད་ཀྱི་རྒྱུ་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ཞིབ་ཕྲའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ། སྒྲིག་འགལ་ངང་ཟ་འཐུང་བྱེད་པའི་གཅོང་ནད་ཡོ་བསྲང་ཤུགས་ཆེན་བཅས་བྱས་ཏེ་ལམ་ལུགས་ཀྱི་གཅུན་སྡོམ་ལ་བརྟེན་ནས་རྒྱས་སྤྲོས་འཕྲོ་བརླག་སོགས་ཀྱི་སྤྱོད་ཚུལ་ངན་པ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་ཡོད།
ལའོ་ཆིན་འུའུ་ཡིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་བྱས་ཏེ། སྒྲིག་འགལ་ངང་བཟའ་བཏུང་བྱེད་པའི་གནད་དོན་ལ་ཞིབ་བཤེར་དང་ལྟ་ཞིབ་གཏིང་ཟབ་བྱེད་པ་དང་། གནད་དོན་གྱི་ཐོ་ཡིག་བཟོ་བ་བཅས་ཀྱི་སྒོ་ནས་ཞིབ་བཤེར་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས། གྲོན་ཆུང་བསྲི་ཚགས་ཀྱིས་འཚོ་བ་སྐྱེལ་བའི་བསམ་བློ་བརྟན་པོ་འཛུགས་པ་དང་དོན་ཆུང་དགོས་མེད་ཀྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་པ། སྔོན་རྩིས་ཀྱི་གཏོང་སྒོ་ལས་མི་བརྒལ་བ་བཅས་བྱེད་དགོས་ལ། རྒྱུན་གཏན་གྱི་འཛད་སྤྱོད་ལ་འགོག་རྐྱེན་མི་བཟོ་བ་དང་འཚོ་བའི་སྐྱིད་ཉམས་མི་ཡལ་བར་དམངས་འཚོའི་མཐའ་ཚད་སྲུང་དགོས་ཞེས་ནན་བཤད་གནང་ཡོ