ལའོ་ཆིན་འུའུ་ཡིས་ཁྲུང་ཆིང་དང་ཆབ་མདོའི“ཕྱོགས་གཉིས་མཛོད་ཁང་”ཆབ་མདོའི་བསྡུ་འགྲེམས་ལྟེ་གནས་ཀྱི་མཛོད་ཁང་ལ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2025-07-11 09:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཁྲུང་ཆིང་དང་ཆབ་མདོའི“ཕྱོགས་གཉིས་མཛོད་ཁང་”ཆབ་མདོའི་བསྡུ་འགྲེམས་ལྟེ་གནས་ཀྱི་མཛོད་ཁང་ལ་ཕེབས་ཏེ“ཕྱོགས་གཉིས་མཛོད་ཁང”གི་གཉེར་སྐྱོང་གནས་ཚུལ་དང་། མཛོད་ཉར་དོ་དམ། ཟོག་འགྲེམས་སྡེབ་སྐྱེལ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་གནང་བ་རེད།

ལའོ་ཆིན་འུའུ་ཡིས་ས་ཡུལ་དངོས་སུ་དངོས་ཟོག་སོས་ཉར་མཛོད་དང་།འཁྱགས་ཉར་མཛོད།སྦྲག་སྲིད་བགོ་འགྲེམས་བསྡུ་འགྲེམས་ས་ཁུལ། སྤྱིར་བཏང་སྐམ་ཟོག་སྤུངས་ཁུལ་སོགས་ནུས་པའི་ཁུལ་དབྱེ་བཅས་ལ་ལྟ་ཞིབ་བྱས་པ་དང་། ས་ཡུལ་དངོས་སུ་རྣམ་གྲངས་སྐུལ་སྤེལ་དང་གཉེར་སྐྱོང་ཕན་ནུས་ཀྱི་གནས་ཚུལ་སྐོར་གསན་པ་རེད། ཁོང་གིས་ཁྲུང་ཆིང་དང་ཆབ་མདོའི“ཕྱོགས་གཉིས་མཛོད་ཁང”ནི་ཧྲུའུ་ཅི་ཡོན་ཅ་ཅུན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“ཁྲུང་ཆིང་གི་ལེགས་ཆ་དང་བོད་ཀྱི་ཐོན་ཁུངས་ཀྱི་ཁྲོམ་ར་ཟུང་འབྲེལ་བྱེད་དགོས་པ་”སྐོར་གྱི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་འགག་རྩའི་གཞི་རྟེན་ཞིག་ཡིན་ལ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“མ་རྩ་ཉུང་དུ་བཏང་ནས་དམངས་ལ་ཕན་འབྲས་ཐོབ་པ་དང་།ཆབ་མདོའི་ཐོན་རྫས་བོད་ཕྱིར་གཏོང་བའི”བླང་བྱ་ཞིབ་ཕྲ་ཞིག་ཀྱང་ཡིན། “ཕྱོགས་གཉིས་མཛོད་ཁང་”ལས་སྟེགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ནས་ཁྲུང་ཆིང་གི་སྤུས་ལེགས་ཐོན་རྫས་ཆབ་མདོའི་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ་ཆབ་མདོའི་ཁྱད་ཆོས་ལྡན་པའི་ཐོན་རྫས་མཛོད་ཁང་ནས་ཕྱིར་གཏོང་བྱེད་པའི་མ་ལག་གང་དྲག་འཛུགས་པ་དང་། ཆབ་མདོའི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ།“ཕྱོགས་གཉིས་མཛོད་ཁང་”སྟེགས་བུ་ལ་བརྟེན་ནས་གཅིག་གྱུར་གྱིས་དབྱེ་གསེས་བྱེད་པ་དང་།ཐུམ་སྒྲིལ།མཛོད་ཉར་དང་སྐྱེལ་འདྲེན་བཅས་བྱེད་ནས་ཕན་ནུས་ཆེ་བའི་མཁོ་སྤྲོད་འབྲེལ་ཐག་བསྐྲུན་ནས་ནང་སའི་ཁྲོམ་རར་སྔར་ལྷག་གི་རྒྱ་སྐྱེད་གཏོང་དགོས་ཞེས་གསུངས་པ་རེད།

ལའོ་ཆིན་འུའུ་ཡིས་དགུང་སྔོན་དྭངས་གཙང་གི་ཟོག་འགྲེམས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་ཕན་ཚུན་གསབ་རེས་མངོན་འགྱུར་བྱ་དགོས་ལ། ཤང་དང་གྲོང་རྡལ། གྲོང་ཚོ་རིམ་གསུམ་གྱི་ཟོག་འགྲེམས་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་ནས་གྲོང་གསེབ་ལ་ཟོག་འགྲེམས་ཀྱི“སྤྱི་ལེ་མཐའ་མ་”སྦྲེལ་ནས་ཟོག་འགྲེམས་མ་གནས་ནུས་ལྡན་ངང་དམའ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)