གསར་འགྱུར་སྤེལ་དུས། 【2025-11-04 10:30:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས29ཉིན་གྱི་ཕྱི་དྲོར། དུས་ཡུན་ཉིན་གཉིས་རིང་གི་ཆབ་མདོ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད། ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་གྱི2025ལོའི་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་དང་མི་དོན་བསྐོ་བཞག་དོན་ཚན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གསར་དུ་བསྐོ་བཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ4ཡིས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་བཞག་པ་མ་ཟད་བསྐོ་བཞག་དཔང་ཡིག་སྤྲད་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ཨུ་ལས་གྲུབ་པའི་མི31ཚོགས་འདུར་ཞུགས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བློ་བཟང་ཡི་ཤེས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཝུན་ཧྲན་དང་། སྒྲོལ་དཀར། ཡེ་ཤིས་ཆོས་འཕེལ་བཅས་ཞུགས་ཡོད།
ཚོགས་འདུ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་བབ་བསྟུན་ཡར་རྒྱས་དང་རྒྱུན་བསྲིང་ལྷོད་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཐེངས་ཤིག་ཡིན་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་བསྒྲུབ་པར་བྱ་སྤྱོད་ཀྱི་མཛུབ་ཁྲིད་མཁོ་འདོན་གནང་ཡོད། མི་དམངས་འཐུས་ཚོགས་ཀྱི་གོང་འོག་བར་གསུམ་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཚད་མཐོ་བའི་རང་རྟོགས་ཀྱི་ཐོག་ནས་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། འགན་འཁྲི་ཕྲག་ཏུ་འཁུར་སེམས་ཆེ་རུ་བཏང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཕན་འབྲས་ཐོན་པར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་བྱས་ཡོད།