གསར་འགྱུར་སྤེལ་དུས། 【2026-04-20 11:55:00】
འཕར་ཚད་མྱུར་བའི་མགོ་ན་བ་དང་མི་འདྲ་བར། མགོ་ཡུན་རིང་དུ་ན་བ་དེ་ནི་ནད་རྟགས་ཙམ་མ་ཡིན་པར་ནད་ཅིག་ཡིན་པས། དེ་ལས་བསྐྱེད་པའི་གཉིད་མི་བདེ་བ་དང་བསམ་བློ་གནད་དུ་མི་ཐིག་པ། བྱ་བའི་ལས་ཕྱོད་ཇེ་ཞན་དུ་འགྲོ་བ། སྤྱི་ཚོགས་ཀྱི་འགྲོ་འོང་ལ་གནོད་པ་སོགས་ཀྱིས་ནད་པའི་འཚོ་བ་ལ་གནོད་པ་ཆེན་པོ་འབྱུང་སྲིད།
མི་རེ་རེའི་ནད་རྟགས་དང་དེ་ལ་ཁ་གཏད་འཇལ་ཐབས་མི་འདྲ་བ་སོ་སོར་སྣང་བས། གསོ་བཅོས་ཀྱི་ཐབས་ལའང་དེ་བསྟུན་གྱི་ཁྱད་པར་འབྱེད་དགོས།
སྨན་གྱི་བཅོས་ཐབས།
སྔོན་འགོག་རང་བཞིན་གྱི་སྨན་རྫས་ཏེ། དཔེར་ནβནད་འགོག་སྨན་དང་ཡི་མུག་འགོག་སྨན། བརྒྱལ་གཟེར་འགོག་སྨན་སོགས་ལྟ་བུ་ནི་མགོ་ན་བའི་ན་ཐེངས་དང་ན་ཚད་ཇེ་ཉུང་དུ་གཏོང་བར་བྱེད་པའི་སྨན་ཡིན།
མྱུར་འཕར་ནད་ཀྱི་སྨན་རྫས་ལ། དཔེར་ན་ཙེ་རྫས་མ་ཡིན་པའི་གཉན་གཅོག་སྨན(NSAIDs)དང་ཆུས་ཐན་རིགས་ཀྱི་སྨན་ལྟ་བུ་སྟེ། གཙོ་བོ་ན་ཟུག་དྲག་ཏུ་འཕར་བ་གཅོག་པར་སྤྱོད།
སྨན་རྫས་མ་ཡིན་པའི་བཅོས་ཐབས།
དབང་རྩའི་ཚོད་འཛིན། སྐར་དབྱིབས་དབང་རྩའི་ཚོད་འཛིན་ཐབས་དང་མིག་གོང་དབང་རྩ་དང་ལྟག་རུས་དབང་རྩའི་ཚོད་འཛིན་ཐབས། སུམ་ཚེབ་དབང་རྩའི་ཚོད་འཛིན་ཐབས་ལྟ་བུ།
དབང་རྩ་སྦྲིད་པའི་བཅོས་ཐབས། དེ་ནི་ན་ཡུན་རིང་བའི་མགོ་གཟེར་རིགས་ལ་བཅོས་སྐྱེད་ལེགས་པོ་ཐོན་པའི་བཅོས་ཐབས་ཤིག་ཡིན་ལ། སྨན་རྫས་དང་མཉམ་དུ་བསྟེན་ན་མགོ་ཡི་ཟུག་གཟེར་མྱུར་མོར་འཇོམས་ཐུབ་པ་ཡིན།
དངོས་ལུགས་བཅོས་ཐབས། དཔེར་ན་བསྐུ་མཉེ་དང་སྐམ་ཁབ་གཙགས་པ་སོགས་ཤ་གནད་གྲིམ་ཆེ་བ་དང་མགོ་གཟེར་བ་འཇགས་པར་ཕན་པའི་དཔྱད་བཅོས་ཀྱི་རིགས།
སེམས་ཁམས་ཀྱི་བཅོས་ཐབས། དཔེར་ན་སྤྱོད་ལམ་གྱི་བཅོས་ཐབས་དང་བག་ལྷོད་དུ་གནས་ཐབས་སོགས་ཀྱིས་མགོ་གཟེར་བ་ལས་བྱུང་བའི་སེམས་ཁམས་ཀྱི་གནོན་ཤུགས་སྙོམས་པར་བྱེད་ཐུབ།
གཞན་དུ་ཆོས་ཉིད་དང་ལྡན་པར་གཉིད་ལ་ཞུགས་པ་དང་བཟའ་བཏུང་བསྟེན་པ། དབྱང་ལྡན་ལུས་སྦྱོང་གང་འཚམ་དུ་བསྟེན་པ། སྒོམ་རྒྱག་པ་དང་ཡོ་ག་སྦྱོང་བ་སོགས་ཀྱིས་འཚོ་བའི་གནོན་ཤུགས་བསངས་ན། མགོ་བོ་ཡུན་རིང་དུ་ན་བའི་རིགས་ལ་ཕན་ནོ། །