གསར་འགྱུར་སྤེལ་དུས། 【2026-06-02 09:00:00】

5པའི་ཚེས29ཉིན། གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གསུང་བཤད་ཀྱང་གནང་བཞིན་པ།

5པའི་ཚེས29ཉིན། གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་པ་རེད། འདི་ནི་ཚོགས་ར་ཡིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས29ཉིན། གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གཙོ་སྐྱོང་ཞུས་ཡོད།
ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ལས་དོན་ཐུགས་ལ་འཆང་ནས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ནས་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་གསལ་བཟོ། བྱ་ཐབས་བསླབ་པ་དེས་ང་ཚོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོས་ལྟ་བ་དང་། “ཞིང་གསུམ”དམ་འཛིན་བཅས་བྱས་ཏེ། ཆབ་མདོའི“ཞིང་གསུམ”ལས་དོན་གྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས་ཅེས་བསྟན།
ཚོགས་འདུ་ཡིས“ཞིང་གསུམ”ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་རྨང་གཞི་རང་བཞིན་དང་། འཐབ་ཇུས་རང་བཞིན། རྩ་བའི་རང་བཞིན་གྱི་གོ་གནས་ཟིན་ཡོད་པས། བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་ལས་འགན་དང་པོ་ཏན་ཏིག་འཁུར་དགོས་ཤིང་། ཉེན་ཁའི་རིགས་སྔོན་འགོག་དང་སེལ་ཏེ། ནུས་ཤུགས་ཡོད་རྒུས་“ཞིང་གསུམ”འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་འཛུགས་སྐྲུན་བྱེད་དགོས་ཤིང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་གྲོང་གསེབ་དར་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས“ཞིང་གསུམ”ལས་དོན་གྱི་རྩ་བ་བརྟན་དུ་གཏོང་དགོས།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་མཐའ་འཁྱོངས་བྱེད་པ་དང་། “ཡར་བརྩོན་རུ་དཔུང”སྒྲིག་འཛུགས་བྱས་ཏེ་ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་ཅན་དུ་བསྒྱུར་བར་ཤུགས་སྣོན་བརྒྱབ་ནས་རྒྱུན་མཐུད་ངང“ཞིང་གསུམ”གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས།“རྣམ་གྲངས་གཙོ་བོ”ཡི་འདུ་ཤེས་བརྟན་པོར་བཙུགས་ཏེ། འཆར་འགོད་ཀྱི་ཁྲིད་སྟོན་དང་མ་ལག་འདུས་གྲུབ། སྤྱི་ཡོངས་ནས་སྐུལ་འདེད་བཅས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ།“ཞིང་གསུམ”རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་གོམ་འགྲོས་བརྟན་པོས་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ནན་སྐུལ་བྱེད་དགོས་ཤིང་།“ཆུང་ཟ་ཆུང་རུལ”ལ་ཆད་པ་ནན་པོ་གཅོད་པ་དང་། “ཞིང་གསུམ”ཁྱབ་ཁོངས་ཀྱི་སྤྱོད་ངན་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཡོད་པ་རེད། གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་། གྲོང་ཁྱེར་ཐད་གཏོགས་ཚན་པ། རྫོང(ཆུས)ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུ་ཞུགས་ཡོད་པ་རེད།