གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2026-06-05 09:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས2ཉིན་གྱི་སྔ་དྲོ། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དྲུག་པ་འཚོགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བསྐྱེད་པ་དང་ལག་ལེན་ལ་དམིགས་ནས་ཆེད་དོན་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ཆི་དབྱིན་ཧའེ་ཡིས་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།

ཆི་དབྱིན་ཧའེ་ཡིས་བླང་བྱ་བཏོན་དོན། ཆབ་སྲིད་ཀྱི་ཚུགས་གནས་ཇེ་མཐོར་བཏང་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བསྐྱེད་པ་དང་ལག་ལེན་བསྟར་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱ་དགོས། བསམ་སྦྱོང་ལེགས་པར་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བསྐྱེད་པ་དང་ལག་ལེན་བསྟར་རྒྱུའི་ནང་དོན་གཙོ་བོ་ཁོང་དུ་ཡང་དག་ཆུད་པ་དང་།““སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། གང་ཞིག་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ”བཅས་ཀྱི་གནད་དོན་ཐག་གཅོད་ལེགས་པར་བྱ་དགོས། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ལ་གཞིགས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ཆབ་མདོའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་དག་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། སློབ་སྦྱོང་སློབ་གསོར་བསྟུན་ནས། རང་ངོས་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དཔུང་ཁག་ལེགས་པར་བསྐྱངས་ནས། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

ཚོགས་འདུའི་ཐོག་གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཝུན་ཧྲེང་དང་བསོད་ནམས་དར་རྒྱས་ཀྱིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་གཅེས་བཏུས》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་གཅེས་བཏུས》《མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གླེང་བ》《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྩ་གནད(2023ལོའི་དཔར་མ)》སོགས་བརྒྱུད་བསྒྲགས་སློབ་སྦྱོང་དང་། གཏམ་ཤེས་སྤེལ་རེས་གནང་བ་རེད།

གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡེ་ཤེས་ཆོས་འཕེལ་ཚོགས་འདུར་ཞུགས་ཡོད།