གསར་འགྱུར་སྤེལ་དུས། 【2026-07-14 09:00:00】
ཞིང་འཕྲུལ་ལག་རྩལ་པ་བློ་བཟང་ཚེ་བརྟན།
སྤྱི་དར་ཤང་གི་གྲོང་མི་བློ་བཟང་ཚེ་བརྟན་གྱི་ངོས་ནས་བཤད་ན། ཞིང་འཕྲུལ་བཀོལ་སྤྱོད་དང་ཉམས་གསོ་བྱེད་པའི་ལག་རྩལ་ལ་བྱང་ཆ་ལྡན་པ་དེ་ནི་ཁོང་གི་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་འགག་རྩ་དེ་ཡིན།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་སྐབས་དང་པོའི་ནང་། ཁོང་ལ་གྲོང་ཁྱེར་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ་ཅིང་ཆེད་ལས་ཀྱི་ལག་རྩལ་ལ་གཞུང་ཕྱོགས་ནས་ངོས་ལེན་དང་མང་ཚོགས་ཀྱིས་ཡིད་ཆེས་ཆེན་པོ་ཐོབ་ཡོད།
འགྲན་སྡུར་ཐེངས་ཤིག་དང་ངོས་ལེན་ཐེངས་གཅིག་ལས་ཞིང་སྤྱོད་ཀྱི་ལག་རྩལ་དེ“ཕྱུག་འགྱུར་གྱི་འཇོན་ཐང”དུ་གྱུར་བ་རེད། བྱ་དགའ་ཐོབ་རྗེས། བློ་བཟང་ཚེ་བརྟན་གྱི་ལག་རྩལ་དེ་མཐའ་འཁོར་གྱི་ཤང་གྲོང་ཀུན་ལ་ཁྱབ་ཏེ་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཁོ་རང་བཙལ་ཏེ་ཞིང་འཕྲུལ་ཉམས་གསོ་སོགས་ཀྱི་ལས་ཀ་མང་དུ་ཕྱིན་པ་རེད། དེ་སྔར་ལས་ཀའི་ཉམས་མྱོང་ཞན་པས་ཡོང་འབབ་བརྟན་པོ་མེད་པ་དང་། ད་ཆ་ཚད་གཞི་ཅན་དང་ཆེད་ལས་ཅན་གྱི་ཞིང་འཕྲུལ་ལག་རྩལ་གྱིས་ཡོང་འབབ་ལེན་ཐུབ། ཞིང་ཕན་སྲིད་ཇུས་དང་ཐོན་ལས་རོགས་སྐྱོར་ལ་བརྟེན་ནས་ཁོ་རང་ཞུགས་པའི་མཉམ་ལས་ཁང་གི་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་། ཞིང་འཕྲུལ་ཞབས་ཞུ་སྔར་བས་ཁྱབ་རྒྱ་ཅན་དང་ཞབས་ཞུའི་ཁྱབ་ཁོངས་དེ་བས་ཆེ་རུ་བཏང་བས་ཁྱིམ་ཚང་གི་ཡོང་འབབ་མཐོར་འདེགས་བྱུང་ཡོད།
བོད་གོས་ལག་རྩལ་པ་ཀུན་བཟང་ཆོས་འཕེལ།
སྤྱི་དར་ཤང་གི་བཟོ་པ་ཀུན་བཟང་ཆོས་འཕེལ་ནི་ལོ་ངོ་མང་པོའི་རིང་ལ་བོད་གོས་བཟོས་ཤིང་ལག་རྩལ་སོགས་ཕྱོགས་གང་ཅིའི་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་ནང་ཤང་དང་རྫོང་རིམ་པའི་བྱ་དགའ་ཐོབ་ཏེ་སྲོལ་རྒྱུན་གྱི་ལག་རྩལ་དེ་ལ་ཀུན་གྱིས་ཁས་ལེན་ཐོབ་ཡོད།
ཀུན་བཟང་ཆོས་འཕེལ་གྱིས་གྲོང་ཚོ་ཁག་གི་རིག་རྩལ་ཚོགས་པའི་བོད་གོས་ཚང་མ་ཁོས་བཟོ་བཞིན་ཡོད་ལ། བརྟན་འཇགས་ཀྱི་ལས་ཀ་དེས་ཁོ་རང་ཕྱུག་འགྱུར་ལམ་དུ་བསྙེགས་པའི་མགོ་བརྩམས་པ་རེད། ད་ཆ་ཁོང་གི་ཚོགས་པའི་ནང་ལས་བཟོ་པ་མི15ཡོད། ཕྱུག་པོ་འགྱུར་ཡང་ཡུལ་མི་མི་བརྗེད་ཅེས་པའི་དཔེ་ལྟར། ཁོང་གིས་དམིགས་བསལ་གྱིས་དབང་པོ་སྐྱོན་ཅན་གྱི་མི4ལས་ཞུགས་བྱེད་པར་བཅུག་པ་དང་རང་ཉིད་ཀྱི་ལག་རྩལ་གྱིས་ཡོང་འབབ་རག་པར་བྱས་པས་རང་སྟོབས་རང་སྤེལ་དང་རང་ངོས་ཕྱུག་འགྱུར་ཡོང་བར་བྱས་ཡོད།