ཀྲོང་ཅིན་སུང་གིས་མཛོ་སྒང་རྫོང་དུ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2026-07-14 09:00:00】

འདི་ནི་ཀྲོང་ཅིན་སུང་གིས་མཛོ་སྒང་རྫོང་བལ་ཐག་ཤང་དུ་གཞི་རིམ་བཅོས་སྐྱོང་གནས་ཚུལ་ཤེས་རྟོགས་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས8ཉིན་ནས་ཚེས9ཉིན་བར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་མཛོ་སྒང་རྫོང་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལག་ལེན་བསྟར་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་ཡོད།

གཞི་རིམ་ནི་ཏང་གི་སྲིད་སྐྱོང་གི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ལ། ལས་དོན་མཐའ་དག་གི་གཞི་ཚུགས་སའང་ཡིན། བྲག་ཡུལ་གྲོང་རྡལ་དང་བལ་ཐོག་ཤང་དུ། ཀྲོང་ཅིན་སུང་གིས་ཏང་ཡོན་ལས་བྱེད་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་བྱས་པ་མ་ཟད། གཞི་རིམ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་གིས་གཞི་རིམ་ལས་དོན་སྒྲུབ་སྟངས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གོ་བ་གཏིང་ཟབ་ལེན་པ་དང་། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ཁ་གསལ་ཁྲིད་སྟོན་བརྟན་པོར་འཛུགས་པ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་གཏོང་བ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བཅས་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་གཞི་རིམ་ལེགས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས་ཅེས་བསྟན།

རྣམ་གྲངས་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བྱེད་ཀྱི་རྨང་གཞི་ལྟ་བུ་ཡིན། རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ། ཀྲོང་ཅིན་སུང་གིས་ས་གནས་ས་ཐོག་ཏུ་ལས་གྲྭའི་མྱུར་ཚད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་ནས་གནད་དོན་ཐག་གཅོད་ཀྱང་བྱས་ཡོད།

ཁོང་གིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང “གནས་ཐིག་ཁྱོན་གསུམ”གྱི་བརྟག་ཐབས་སྨྲ་བ་སྤྱད་པ།མ་ལག་འདུས་གྲུབ་དང་འཆར་འགོད་སྣ་འདྲེན་མཐའ་འཁྱོངས་བཅས་བྱས་ཏེ།ནུས་རྒྱུ་གཙང་མའི་རྣམ་གྲངས་དང་མཁར་གྲོང་ཆུང་ངུ་འཛུགས་སྐྲུན་སོགས་ཕན་ཚུན་ཟུང་འབྲེལ་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་དོ་ཁུར་བྱས་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་།སྤྱི་ཚོགས་ཀྱི་ཕན་འབྲས།དམངས་འཚོའི་ཕན་འབྲས་བཅས་དུས་གཅིག་ཏུ་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།

རྟོག་ཞིབ་གནང་རིང་།ཀྲོང་ཅིན་སུང་གིས་མིག་སྔར་གྲོང་ཁྱེར་ཡོངས་སུ་ཆུ་རྒྱས་པའི་དུས་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་རོགས་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པའི་ནན་བཤད་གནང་ཡོད།