གསར་འགྱུར་སྤེལ་དུས། 【2026-07-28 09:20:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་ཁ་པར་གྱི་ལམ་ནས་པར་ལེན་བརྙན་ཐུང་གི་རྫོང་རིམ་པའི་བསྐྱར་འགྲན་བདེ་བླག་ངང་གཉེར་བ་རེད། རྫོང་དེ་ཡོངས་ཀྱི་ཤང་གྲོང་ཁག་གི་པར་ལེན་ལ་དགའ་མོས་ཡོད་མཁན18མཉམ་གཅིག་ཏུ་འཛོམས་ཏེ་ཁ་པར་གྱི་བརྙན་མིག་ལ་བརྟེན་ནས་གསར་བརྗེའི་གནས་རྙིང་དང་། གྲོང་གསེབ་ཀྱི་རྣམ་པ། མི་རིགས་མཐུན་སྒྲིལ་བཅས་པར་དུ་བླངས་ཤིང་། སྣང་བརྙན་གྱིས་མཛོ་སྒང་གི་འཕེལ་རྒྱས་གཏམ་རྒྱུད་བརྗོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་མཐུན་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད།
ཐེངས་འདིའི་འགྲན་སྡུར་གྱིས་གསར་བརྗེའི་རྒྱུད་འཛིན་དང་མི་རིགས་མཐུན་སྒྲིལ་བྱ་རྒྱུ་གཙོ་ཐིག་ཏུ་བཟུང་ཏེ། ཁ་པར་པར་ལེན་དང་བརྙན་ཐུང་བཅས་ཁག་གཉིས་སུ་བགོས་པ་དང་། བརྩམས་ཆོས་བསྡུ་སྒྲིག་གི་ཁོངས་སུ་གསར་བརྗེའི་ལོ་རྒྱུས་དང་། མཐོ་སྒང་གི་མཛེས་ལྗོངས། མཛེས་པའི་གྲོང་གསེབ། སྐྱེ་ཁམས་སྲུང་སྐྱོབ། ཐོན་ལས་འཕེལ་རྒྱས། མི་རིགས་ཁག་གི་མང་ཚོགས་དབར་ལྟ་རྟོག་རོགས་རེས་སོགས་ཀྱི་ནང་དོན་སྣ་མང་འདུས་ཡོད།
རིག་གནས་དར་ན་ཁྱིམ་དང་རྒྱལ་ཁབ་དར་བ་དང་། མི་སེམས་སྒྲིལ་ན་མི་རིགས་འཆམ་པོ་ཡོང་ཐུབ། ཐེངས་འདིའི་པར་ལེན་བརྙན་ཐུང་འགྲན་སྡུར་གྱིས་མང་ཚོགས་ཀྱིས་ལྟ་འདོད་ཆེ་བའི་པར་དང་བརྙན་གྱི་ལམ་ནས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་གཞི་རིམ་རིག་གནས་བརྒྱུད་སྤེལ་གྱི“མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་ཐུབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ནང་མཉམ་འདྲེས་ཐུབ་པར་བྱས་ཡོད།
ཐེངས་འདིའི་བསྐྱར་འགྲན་མཇུག་སྒྲིལ་ཀྱང་མང་ཚོགས་ཀྱིས་ཕ་ཡུལ་ཟིན་ཐོ་འགོད་པ་དང་དུས་རབས་ལ་བསྟོད་གླུ་འབུལ་བའི་སྤྲོ་སྣང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། གོམ་སྟབས་རྗེས་མར། མཛོ་སྒང་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་རྒྱུན་མཐུད་ངང་ལེགས་པར་སྤྱད་དེ་རྒྱུན་རྣམ་ཅན་གྱིས་པར་ལེན་བརྙན་ཐུང་ཕྱོགས་སྒྲིག་དང་རིག་རྩལ་གསར་གཏོད་བྱེད་སྒོ་སྤེལ་བ་དང་། ས་གནས་ཀྱི་རིག་གནས་ཤེས་ལྡན་པ་སྔོག་འདོན་བྱས་ཏེ་གསར་བརྗེའི་རིག་གནས་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་གཏིང་ཟབ་གཏོང་བར་སྐུལ་སྤེལ་བཅས་བྱས་ནས། རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། ལག་གདང་སྦྲེལ་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་རྩོམ་རྒྱུ་ཡིན་པ་རེད།