གསར་འགྱུར་སྤེལ་དུས། 【2026-07-28 09:00:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”སྐབས་གཉིས་པའི་གཞུང་ཡིག་རྩོམ་འབྲིའི་འགྲན་སྡུར་གྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉེ་ཆར། རི་བོ་ཆེ་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”སྐབས་གཉིས་པའི་གཞུང་ཡིག་རྩོམ་འབྲིའི་འགྲན་སྡུར་བདེ་བླག་ངང་གཉེར་བ་རེད། དེའི་དམིགས་ཡུལ་ནི་རྫོང་དེ་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་པའི་ཡི་གེའི་ནུས་པ་དང་འགན་འཁྲི་ནུས་པ་ཆེ་རུ་བཏང་སྟེ། “ལག་ནས་འབྲི་ཐུབ་པ་དང་། ཁ་ནས་བཤད་ཐུབ་པ། དྲི་བར་ལན་འདེབས་ཐུབ་པ། དོན་དག་སྒྲུབ་ཐུབ་པའི”སྤུས་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་རྒྱུ་དེ་རེད།
ཐེངས་འདིའི་འགྲན་སྡུར་ནང་ཁྱོན་ལས་བྱེད་པ65ལྷག་ཞུགས་པ་ལས་རྫོང་ཐད་གཏོགས་ཚན་པའི་མི45དང་ཤང་གྲོང་གི་མི20ཡོད། འགྲན་སྡུར་གྱི་བརྗོད་གཞི་ནི་རྫོང་ཁོངས་འཕེལ་རྒྱས་ཀྱི་དངོས་ཡོད་གནས་ཚུལ་དང་འབྲེལ་ཞིང་། རྫོང་ཐད་གཏོགས་ཚན་པ་དང་ཤང་གྲོང་གི་གཞི་རིམ་ལས་རྐང་མི་འདྲ་བའི་ལས་བྱེད་པའི་འགན་འཁྲིའི་ཁྱད་ཆོས་ལ་ཁ་གཏད་དེ་བརྗོད་གཞི་བཙུགས་ཡོད།
གོམ་སྟབས་རྗེས་མར། རི་བོ་ཆེ་རྫོང་གིས་གཞུང་ཡིག་རྩོམ་འབྲི་ཚད་ལྡན་དང་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱུན་རྣམ་ཅན་གྱིས་ཡི་གེའི་ལས་སྒོ་སྦྱོང་བརྡར་གྱི་སྟེགས་བུ་བསྐྲུན་པ། རྫོང་དེ་ཡོངས་ཀྱི་ལས་བྱེད་པ་ཁྲིད་སྟོན་བྱས་ཏེ་རྩོམ་འབྲིའི་ཆུ་ཚད་མཐོར་འདེགས་བཏང་སྟེ། རྩོམ་འབྲིའི་འཇོན་ཐང་དེ་ཟམ་མི་ཆད་པར་ལས་དོན་འཆར་འགོད་དང་དོན་འཁྱོལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ནུས་པར་བསྒྱུར་བ་དང་། ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས་ཀྱི་ཐོག་ནས་རྫོང་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ལས་བྱེད་པའི་ནུས་པའི་འདེགས་སྐྱོར་བརྟན་པོ་བསྐྲུན་རྒྱུ་ཡིན་པ་རེད།