གསར་འགྱུར་སྤེལ་དུས། 【2026-07-28 09:00:00】
བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་གྱི་བོད་ཤར་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་ཐོན་ལས་གླིང་དུ་ས་གནས་དེ་གའི་བཟོ་བོ་བཅུ་ལྷག་གིས་དཀའ་ལས་བརྒྱབ་ནས་གནའ་བོའི་ཁམས་པའི་ལག་རྩལ་དེ་མང་ཚོགས་ཀྱིས་སྒོ་མདུན་དུ་ཡོང་འབབ་འཕར་སྣོན་གཏོང་བའི་ལམ་བུ་ཞིག་ཏུ་ཆགས་ཡོད། 2019ལོར། ཆོས་གྲུབ་ཀྱིས་སྣེ་ཁྲིད་དེ་བྲག་གཡབ་རྫོང་གཏེར་རྒྱུ་དང་རྩི་ཤིང་ཚོན་རྒྱུ་ཚད་ཡོད་ཀུང་སི་བཙུགས་ཤིང་། དེ་ནི་ཁ་ཐོར་དུ་ལུས་པའི་གྲོང་གསེབ་ཀྱི་ལག་རྩལ་དེ་ཐོན་ལས་ཀྱི་སྒུལ་ཤུགས་སུ་གྱུར་ཏེ། ཐོག་མའི་མི་5ཡི་ཚོགས་པ་ནས་ད་ཆའི་ས་གནས་དེ་གའི་མང་ཚོགས་23ཡོད་པའི་བར་ཀུང་སིས“རྩོལ་བསྟུན་ཕོགས་སྤྲོད”བྱེད་ཐབས་སྤྱད་པས་ལས་མིར་ཁྱིམ་གྱི་སྒོ་ཁར་ཡོང་འབབ་བརྟན་པོ་རག་ཡོད། ཀུང་ཟི་དེ་ནི་སྤྱིའི་ཆ་ནས་གང་སར་བཀྲག་མདངས་འཚེར་ས་མང་ཞིང་། བྲག་གཡབ་ཀྱི་རྫ་ནག་ལག་ཤེས་རྒྱུན་འཛིན་པ་མི་རབས་བདུན་པ་ཆོས་གྲུབ་ཀྱིས་སློབ་མར་རྫ་བཟོ་ཁྲིད་ཞོར་དུ་གསར་འགོད་པར་ལོ་འདི་གའི་རིང་གི་འཕོ་འགྱུར་བཤད་བྱུང་།“དེ་སྔོན་རྫ་ནག་དེ་ཕ་ཡུལ་གྱི་ལུང་པ་ཆུང་ངུ་ནས་བཟོས་ཤིང་ཉོ་འཚོང་གི་ལམ་བུ་རྒྱ་ཆུང་བ་དང་། ལག་རྩལ་སྦྱངས་མཁན་གྱི་ན་གཞོན་ཚོར་སྦྱོང་ས་བརྟན་པོ་མེད་པའི་ཁར་ཡོང་འབབ་ཀྱང་ཆེན་པོ་མེད་པ་རེད”ཅེས་བཤད། ཐོན་ལས་གླིང་ཚུགས་རྗེས། ཁོང་གི་ཁེ་ལས་ཀྱང་གཞི་ནས་བཅའ་སྡོད་བྱེད་རྒྱུ་བྱུང་ཞིང་། ད་ལྟ་སློབ་མ13གྱིས་ལོ་རྟག་པར་ཁོང་དང་མཉམ་དུ་རྫ་ནག་བཟོ་བཞིན་ཡོད་པ་དང་ལོ་རེའི་ཡོང་འབབ་ཀྱང་སྒོར་ཁྲི་ཡན་ཟིན་གྱིན་ཡོད།
དེ་དང་ཐག་མི་རིང་བའི་སར་གྱི་གླིང་ཁུལ་གྱི་ཐོག་ཁང་གཉིས་པའི་གཡང་ཁྱིམ་ཐང་ག་སྒྱུ་རྩལ་རྒྱུན་འཛིན་ཚད་ཡོད་ཀུང་ཟིའི་ཐང་ག་ཁང་དུ། ཐང་གའི་དགེ་རྒན་བསོད་ནམས་ཆོས་ལྡན་གྱིས་སློབ་ཕྲུག་ལ་ཐིག་རྩ་རྒྱག་སྟངས་སློབ་བཞིན་འདུག་པ་དང་། ཁང་པའི་ནང་དུ་སློབ་ཕྲུག་བརྒྱད་ཀྱིས་སེམས་རྣལ་ལ་ཕབ་ནས་རི་མོ་འབྲི་བཞིན་ཡོད།
གླིང་ཁུལ་གྱི་ཐང་ག་འབྲི་བའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་བསོད་ནམས་ཆོས་ལྡན་གྱིས་ལོ་མང་རིང་ཐང་ག་འབྲི་བའི་ལས་ལ་གཞོལ་ཏེ་སྤྱིར་བཏང་གི་མི་གང་མང་ཞིག་གིས་ཐང་ག་བྲིས་ནས་འཚོ་བར་འགྱུར་ལྡོག་བཏང་ཡོད་པ་བདེན་དཔང་བྱས་ཡོད།“སྔོན་ཆད་ཐང་ག་འབྲི་འདོད་ན་ལྷ་རིས་པ་འཚོལ་དགོས་པ་མ་ཟད། ཟས་སྡོད་དང་རྒྱུ་ཆ་སོགས་དཀའ་ངལ་ཆེན་པོ་འཕྲད་པས་འཚོ་བར་དཀའ་ངལ་ཆེ་བའི་ན་གཞོན་མང་པོ་ཞིག་གིས་ལྷོད་གཡེང་དུ་མི་གཏོང་ག་མེད་བྱུང་བ་རེད”ཅེས་བསོད་ནམས་ཆོས་ལྡན་གྱིས་ལག་གི་སྨྱུ་གུ་སར་བཞག་ནས་གསར་འགོད་པར་བཤད་རྒྱུར།“1992ལོ་ནས་ད་བར། འདི་ནས་སློབ་ཕྲུག་དྲུག་བརྒྱ་ལྷག་ཐོན་ཏེ་ཐང་གའི་དགེ་རྒན་དུ་གྱུར་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་དང་དབང་པོ་སྐྱོན་ཅན་གྱི་མི་སྣས་འདི་ནས་འཚོལ་སྙེག་ལམ་བུ་རྙེད་པ་དང་། ལོ་རེའི་ཡོང་འབབ་སྒོར་ཁྲི་བཞི་ཡན་ཟིན་གྱིན་ཡོད”2018ལོརཐོན་ལས་གླིང་ཁུལ་འདི་ནི2018ལོར་བསྐྲུན་ཏེ་སྤྱོད་མགོ་ཚུགས་པ་དང་། སྤྱིའི་མ་དངུལ་སྒོར་ཁྲི4200བཏང་ཞིང་། ད་ཆ་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁེ་ལས15བཅའ་སྡོད་བྱས་ཡོད་ལ། ལས་རིགས་གཙོ་བོར་གསེར་དངུལ་རྡུང་བཟོ་དང་། ཐང་ག། བོད་སྤོས། རྫ་ནག མི་རིགས་ཀྱི་གྱོན་གོས་སོགས་གཉེར་བཞིན་ཡོད།