གསར་འགྱུར་སྤེལ་དུས། 【2026-07-31 09:00:00】
ཐེངས་འདིའི་སྒྲོག་འགྲེལ་གྱིས་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོ་དང་གཙོ་ཐིག་ལ་དམ་པོར་དམིགས་པ་དང་།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་ཤེས་བྱའི་ནང་དོན་གཞི་རྩར་བཟུང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་། “འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ། ཁྲིམས་སྐྱོང་ཁྱབ་གདལ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་གྱི་དམངས་ཕན་སྲིད་ཇུས་སོགས་ཀྱི་ནང་དོན་གཙོ་བོ་འདུས་ཡོད།
སྒྲོག་འགྲེལ་བྱེད་པའི་བརྒྱུད་རིམ་ནང་།སྒྲོག་འགྲེལ་པས་གོ་བདེ་ཞིང་ཉན་སྤྲོ་བའི་སྐད་ཆའི་ལམ་ནས་ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྗོད་པ་དང་། འཕེལ་རྒྱས་ཀྱི་འཕོ་འགྱུར་བགྲངས་པ།ཡར་བརྩོན་གྱི་རྒྱང་ལམ་གླེང་ཏེ་མང་ཚོགས་རང་བཞིན་གྱི་སྒྲོག་འགྲེལ་འགྲན་སྡུར་གྱི་དོན་སྙིང་གལ་ཆེན་དང་། དམིགས་ཚད་ལས་འགན། འབད་འཐབ་ཀྱི་ཁ་ཕྱོགས་བཅས་འགྲེལ་བཤད་གཏིང་ཟབ་བསྐྱོན་པ་དང་། ཏང་གི་གསར་གཏོད་རིགས་གཞུང་དང་། གསར་བརྗེའི་ལོ་རྒྱུས། དམངས་ཕན་སྲིད་ཇུས་ལ་དམིགས་ཏེ་འགྲེལ་བཤད་བརྒྱབ་ནས་ཞིང་འབྲོག་མང་ཚོགས་ཀྱིས་གོ་སླ་ཞིང་སེམས་ལ་འཛིན་བདེ་བ་དང་སྤྱོད་སྒོ་ཆོད་པར་བྱས་ཏེ།བསམ་བློའི་མོས་སེམས་དང་བྱ་སྤྱོད་ཀྱི་རང་རྟོགས་ཏན་ཏིག་གིས་ཆེ་རུ་ཕྱིན་ཡོད་པ་རེད།