ཆབ་མདོ་གྲོང་ཁྱེར་གྱིས“བྱིས་པའི་སྤྲོ་སེམས་འཕེལ། དཔེ་དེབ་དྲི་ཞིམ་འཐུལ”ཞེས་པའི་དབྱར་གནང་གི་སྤྱི་ཕན་བུ་བཅོལ་འཛིན་གྲྭ་གཉེར་བ།
གསར་འགྱུར་སྤེལ་དུས། 【2026-08-06 17:31:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་1ཉིན། ཆབ་མདོ་གྲོང་ཁྱེར་ཤིན་ཧྭ་དཔེ་ཁང་གིས“བྱིས་པའི་སྤྲོ་སེམས་འཕེལ། དབྱར་གསེང་དཔེ་ཀློག་འགྲོགས”ཅེས་པའི་དབྱར་གནང་གི་སྤྱི་ཕན་བུ་བཅོལ་འཛིན་གྲྭ་གཉེར་བ་རེད། ད་ཐེངས་ཀྱི་སྤྱི་ཕན་བུ་བཅོལ་འཛིན་གྲྭར་གྲོན་དངུལ་མི་བསྡུ་བ་དང་། ལྷག་པར་དུ་བོད་ཡིག་གི་ཡིག་གཟུགས་དང་། རི་མོ། ཐང་ག་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་དགེ་རྒན་གདན་དྲངས་ནས་སློབ་ཁྲིད་བྱས་ཏེ། ཕྲུ་གུ་ཚོའི་སྣེ་ཁྲིད་དེ་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་རྒྱུ་རེད།
ད་ཐེངས་ཀྱི་སྤྱི་ཕན་གཅེས་སེམས་བཅོལ་ཉར་དུས་ཚོད་དེ་སྤྱི་ཟླ་8པའི་ཚེས་1ཉིན་ནས་འགོ་བཙུགས་ཏེ་སྤྱི་ཟླ་8པའི་ཚེས་15ཉིན་མཇུག་བསྒྲིལ་རྒྱུ་དང་། དུས་ཡུན་ཟླ་ཕྱེད་ཡིན་པ་དང་ལོ་6ནས་14བར་གྱི་སློབ་ཆུང་སློབ་མར་ཁ་ཕྱོགས་ནས་ཁྱོན་སློབ་མ་30བསྡུས་ཏེ། ཕྲུ་གུ་ཚོར་དཔེ་དེབ་ཀྱི་དྲི་ཞིམ་ཁྲོད་དོན་སྙིང་ལྡན་པའི་གུང་གསེང་གཏོང་རྒྱུའི་ཁྲིད་སྟོན་བྱ་རྒྱུ་རེད།