རང་རེའི་གྲོང་ཁྱེར་གྱི་ས་གནས་ཁག་གིས“བརྒྱད་གཅིག”དམག་འཛུགས་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་གཉེར་བ།---གོ་འཇོ་རྫོང་དམག་སྒར་སྒོ་དབྱེའི་ཉིན་མོའི་བྱེད་གསོ་ནང་གཞོན་ནུ་ལོ་ཆུང་གིས་དམག་འཐབ་ཀྱི་སློབ་ཚན་ལ་ཉམས་ལེན་བྱེད་བཞིན་པ།

གསར་འགྱུར་སྤེལ་དུས།  【2026-08-06 17:35:00】


གོ་འཇོ་རྫོང་དུ་སྤེལ་བའི་དམག་སྒར་སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་ཁྲོད་དཔུང་སྡེའི་དཔོན་དམག་གིས་དམག་གི་དྲག་རྩལ་དང་། ཉེན་རྟོག་དབྱུག་པ། ཕུབ་སོགས་དམག་དོན་སློབ་ཚན་དག་ཡུལ་དངོས་སུ་ཉམས་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།བརྒྱད་གཅིག”དམག་འཛུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། རང་རེའི་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་འཚམས་འདྲི་དང་། དམག་སྒར་སྒོ་དབྱེའི་ཉིན་མོ། རྒྱལ་སྲུང་སློབ་གསོའི་ཉམས་ལེན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་གཉེར་ཏེ་དམག་འཛུགས་དུས་ཆེན་མཉམ་དུ་དགའ་གཏོང་བྱས་པ་རེད།

དུས་ཆེན་གྱི་སྔ་རོལ་དུ། སྟེང་ཆེན་དང་ལྷོ་རོང་། བྲག་གཡབ་སོགས་ཀྱིས་དམག་སྒར་དུ་བསྐྱོད་དེ་དངོས་ཟོག་འབུལ་བ་དང་ཁ་བཏགས་གཡོགས་ཏེ། རྒྱ་ཆེའི་དཔུང་སྡེའི་དཔོན་དམག་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

གོ་འཇོ་རྫོང་དུ་སྤེལ་བའི་དམག་སྒར་སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་ཁྲོད་དཔུང་སྡེའི་དཔོན་དམག་གིས་དམག་གི་དྲག་རྩལ་དང་། ཉེན་རྟོག་དབྱུག་པ། ཕུབ་སོགས་དམག་དོན་སློབ་ཚན་དག་ཡུལ་དངོས་སུ་བསྟན་ནས་དུས་རབས་གསར་པའི་དཔོན་དམག་གི་སྦྱོང་བརྡར་ནུས་པ་དང་སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་བཟང་པོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།