གསར་འགྱུར་སྤེལ་དུས། 【2026-08-07 09:00:00】
ཚོགས་འདུ་ཡིས་རྫོང(ཆུས)ཁག་གི་མི་དམངས་དྲག་ཆས་པུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི2025ལོའི་ལོ་འཁོར་གྱི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་འགན་སྒྲུབ་གསལ་ཞུ་དང་། 2025ལོའི་གྲོང་ཨུད་ཀྱི་དམག་དོན་གྲོས་མོལ་ལས་དོན་ཆེད་སྒྲུབ་ཚོགས་ཆུང་དང་གྲོང་ཁྱེར་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་ལས་དོན་སྤེལ་ཚུལ་བཅས་ཀྱི་སྙན་སེང་ལ་གསན་པ་རེད། རྒྱ་ཆེའི་ཆབ་སྡོད་དཔོན་དམག་གིས་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་འཕྲལ་མཁོ་དང་།
རྒྱ་ཆེའི་ཆབ་སྡོད་དཔོན་དམག་གིས་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་འཕྲལ་མཁོ་དང་། དཀའ་ངལ། ཉེན་ཁ་ཆེ་བའི་ལས་འགན་ཁག་གི་མདུན་དུ་ཏང་གི་བཀོད་འདོམས་ལ་ཉན་པ་དང་། བཀའ་བཞིན་བྱ་སྤྱོད་སྤེལ་བས་མི་དམངས་དམག་དཔུང་གིས་མི་དམངས་ཀྱི་ཆེད་དུ་སྣང་བརྙན་ལེགས་པོ་མངོན་པ་དང་། དམག་དམངས་དབར་གྱི་མཐུན་སྒྲིལ་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོའི་དུས་རབས་ཀྱི་ལེའུ་གསར་པ་རྩོམ་ཡོད་ཅེས་བསྟན།
ཚོགས་འདུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ནན་ཏན་གྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། “རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་དམག་དཔུང་སྟོབས་ཆེར་གཏོང་བའི”ཆབ་སྲིད་ཀྱི་བློ་དཀར་དང་། “མཐའ་མཚམས་སྟོབས་ཆེར་གཏོང་བར་དམག་དཔུང་དར་རྒྱས་གཏོང་བའི”ཆབ་སྲིད་ཀྱི་འགན་འཁྲི། “དམག་ལ་གཅེས་པར་ངེས་པར་དུ་དམག་ལ་བཀུར་བའི”ཆབ་སྲིད་ཀྱི་བྱ་སྤྱོད་བཅས་ཐུབ་པ་བྱེད་དགོས། དམག་དཔུང་གི་དགོས་མཁོ་དང་བདག་གིས་བསྒྲུབ་པ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དམག་དཔུང་གི་ལས་འགན་ལག་བསྟར་དང་མཐའ་སྟོབས་བརྟན་སྲུང་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བདེ་སྡོད་སོགས་ཀྱི་དོན་དངོས་དང་དོན་བཟང་ཡག་པོ་སྒྲུབ་ནས་ནུས་ཤུགས་ཡོད་རྒུས་ཆབ་སྡོད་དམག་དཔུང་ཁག་གིས་བློ་བདེ་མོས་རྒྱལ་སྲུང་མཐའ་སྲུང་བྱེད་པར་དངོས་ཡོད་ཀྱི་འགན་སྲུང་མཁོ་འདོན་བྱེད་དགོས། དམག་དམངས་མཉམ་འདྲེས་གཏིང་ཟབ་གཏོང་བ་དང་། དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། དམག་སྲིད་བར་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་གཏོང་བ་བཅས་བྱས་ཏེ།“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ”པར་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་གོང་རོལ་དུ། ཚོགས་ཞུགས་བློ་མཐུན་གྱིས་གཅིག་སྡུད་ཐོག“དམག་དོན་ཉིན་མོའི”བྱེད་སྒོར་ཞུགས་ཡོད།