གསར་འགྱུར་སྤེལ་དུས། 【2026-08-28 10:54:00】
སྐབས་འདིའི་འགྲན་བསྡུར་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་དང་། ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཁྲུང་ཆིང་གྲོང་ཁྱེར་རིག་གནས་རོལ་རྩེད་ལས་རིགས་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་རེད། དྲ་ཐོག་འགྲན་བསྡུར་དེ་སྤྱི་ཟླ8ཚེས3ཉིན་འགོ་བཙུགས་པ་ནས་བཟུང་། རྒྱལ་ཡོངས་ཀྱི་མི2000ལྷག་ཙམ་དང་། འགྲན་ཞུགས་རུ་ཁག400ཙམ་གྱི་མིང་ཐོ་བཀོད་པར་ཡིད་དབང་བཀུགས་ནས། རུ་ཁག་རྩེ་གྲ་བཞི་ནང་ཚུད་མཁན་གྱི་འགྲན་ཞུགས་པ་རྣམས་ཆབ་མདོའི་དྲ་ཕྱིའི་སྤྱིའི་མཐའ་བསྡུར་བྱས་ཡོད་པ་རེད།
གློག་རྡུལ་རོལ་རྩེད་འགྲན་བསྡུར་ནི་སྐར་ཁུང་ལྟ་བུ་ཞིག་ཡིན་པ་དང་། དེའི་བརྒྱུད་ནས་ཆབ་མདོས་རྒྱལ་ཡོངས་ལ་ས་མཐོའི་གྲོང་ཁྱེར་དང་གྲངས་འཛིན་དུས་རབས་དབར་གྱི་སྐད་ཆ་ཤོད་རེས་བྱེད་པའི་ཆོད་སེམས་མངོན་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ཁྲོད། ཆབ་མདོས་གློག་རྡུལ་རོལ་རྩེད་འགྲན་བསྡུར་ལྟེ་བར་བྱས་ཏེ། རྭ་འོག་མཚོ་ཡི་འཁྱག་རོམ་གྱི་གྲིབ་གཟུགས་དང་། ལ་སྒོ་འཁྱག་རོམ་གྱི་མཛེས་ཆོས། སྐམ་ཐོག་གསར་བརྗེའི་རིག་གནས་མཛེས་ལྗོངས་ཁུལ་གྱི་ལོ་རྒྱུས་གཏིང་ཟབ་པོ་བཅས་སྦྲེལ་མཐུད་བྱས་ཏེ། “གློག་རྡུལ་རོལ་རྩེད་འགྲན་བསྡུར་དང་། རིག་གནས་ཡུལ་སྐོར”གྱི་བརྗོད་དོན་གཙོ་བོའི་འཛད་སྤྱོད་ལམ་ཐིག་བཟོས་པ་དང་། རྒྱལ་ཡོངས་ས་ཁུལ་ཁག་གི་གློག་རྡུལ་རོལ་རྩེད་འགྲན་བསྡུར་ལ་དགའ་པོ་བྱེད་མཁན་གྱི་རྩལ་འགྲན་ཕུགས་འདུན་སྒྲུབ་པའི་གར་སྟེགས་བསྐྲུན་པ་མ་ཟད། ཆབ་མདོར་གཞོན་ནུའི་གསོན་ཤུགས་ཆེ་བའི་གྲོང་ཁྱེར་གྱི་གཟུགས་བརྙན་ཕྱི་ཕྱོགས་ལ་བསྟན་ནས། བོད་ཤར་རྒྱུད་ཀྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་རིམ་སྤོར་ལ་གསར་དུ་བསྐྲུན་པའི་ལང་ཚོའི་སྒུལ་ཤུགས་བསྣན་ཡོད་པ་རེད།