གསར་འགྱུར་སྤེལ་དུས། 【2026-09-11 10:10:00】
《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(སྐད་རིགས་མང་པོའི་དཔར་མ)ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། གསུང་རྩོམ། བཀའ་མོལ་བཅས་ནང་དྲངས་པའི་ཀྲུང་གོའི་གནའ་དཔེ་དང་གསུང་རབ་ཀྱི་ཚིག་གྲུབ་གྲགས་ཅན་ཞིབ་ཅིང་ཚགས་པ་བདམས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་། གཏིང་ཟབ་པའི་མཚན་ཉིད་རིག་པའི་བློ་སྦྱོང་། ཐུགས་རྒྱ་ཡངས་པའི་མི་ཆོས་ཀྱི་བརྩེ་སེམས་བཅས་གསོན་ཉམས་དོད་པོས་མངོན་པར་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བློ་གྲོས་རྟོགས་པའི་བློ་སྒོ་ཕྱེ་བ་མ་ཟད། ཚང་མས་དེ་བས་ལེགས་པའི་སྒོ་ནས་ཀྲུང་གོའི་རིག་གནས་རྒྱུས་ལོན་དང་། ཀྲུང་གོའི་བློ་གྲོས་ཉམས་ལེན། ཀྲུང་གོའི་སྙིང་སྟོབས་ཤེས་རྟོགས་བཅས་ཐུབ་པར་བྱས་ཡོད།