ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་ཐེངས་36པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2026-09-28 09:45:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་20ཉིན། ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་ཐེངས་36པའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཏེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་རྣམ་པའི་ཐོག་ནས་ད་ཐེངས་ཀྱི་དྲིལ་བསྒྲགས་ཟླ་བའི་མུ་འབྲེལ་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

བྱེད་སྒོ་དེ་འཇོ་མདའ་རྫོང་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱེད་པའི་ཞབས་བྲོ《སེ་འབྲུའི་མེ་ཏོག་བཞད། མི་རིགས་མཐུན་སྒྲིལ་བྱ》ཞེས་པའི་ཁྲོད་ངོ་མཚར་ཆེ་བའི་ངང་སྤེལ་འགོ་ཚུགས་པ་རེད། གར་སྟེགས་ཐོག་འཁྲབ་སྟོན་པ་ཚོས་མཛེས་ཤིང་སྡུག་པའི་མི་རིགས་ཁག་གི་ཁྱད་ཆོས་ལྡན་པའི་གྱོན་ཆས་གྱོན་ཏེ། གར་སྟབས་བདེ་ལ་གསོན་ཉམས་ལྡན་པའི་ཞབས་བྲོའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་དང་ཞི་མཐུན་མཉམ་གནས་ཀྱི་མི་སེམས་འགུལ་བའི་བརྙན་རིས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དྲིལ་བསྒྲགས་ཟླ་བ་དངོས་སུ་འགོ་ཚུགས་རྗེས། རང་རེའི་གྲོང་ཁྱེར་གྱིས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་ཏེ། མི་རིགས་མཐུན་སྒྲིལ་སྐོར་གྱི་དྲིལ་བསྒྲགས་དེ་གཞི་རིམ་གྱི་མང་ཚོགས་དང་ཉེ་བཅར་ཐུབ་པ་བྱས་ཏེ། དྲིལ་བསྒྲགས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་མི་སེམས་ལ་འཇགས་ཐུབ་པ་བྱ་རྒྱུ་ཡིན་པ་རེད།