གསར་འགྱུར་སྤེལ་དུས།[2021-06-10 09:00:00]
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས8ཉིན་གྱི་སྔ་དྲོ་ཆབ་མདོ་གྲོང་ཁྱེར་གྱིས2021དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལའོ་ཁྲོན་ཅུན་ཚོགས་འདུར་ཞུགས་ཡོད།
ལའོ་ཁྲོན་ཅུན་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལྟར། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་ གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། དཔྱད་ཞིབ་དང་དཔྱད་དཔོག་ལྡོག་འདྲེན་གྱི་གནད་དོན་དག་ཐེར་ཡོ་བསྲང་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་པ་ནི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་ཕན་ནུས་ལྡན་པར་འབྲེལ་མཐུད་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་བ་ཡིན་པས། ངེས་པར་དུ་ཆབ་སྲིད་ཐོག་ནས་བརྡར་ཤ་གཅོད་པ་དང་། ཆབ་སྲིད་ཐོག་ནས་རྟོགས་པ།ཆབ་སྲིད་ཐོག་ནས་ལག་བསྟར་བཅས་བྱ་དགོས་པ་དང་། དག་ཐེར་ཡོ་བསྲང་གི་ཕན་འབྲས་དངོས་ལ་བརྟེན་ནས་“གཏན་འཁེལ་གཉིས་”སྲུང་སྐྱོབ་དང་“སྲུང་སྐྱོང་གཉིས་”ལག་ལེན་བསྟར་དགོས་ཞེས་བསྟན།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱི་མཆན་བཀོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།
ཧྲེ་ཀྲང་གཞོན་པ་ཀའོ་ཞུའེ་ཝུན་གྱིས་ཚོགས་འདུར་གཙོ་སྐྱོང་ཞུས་ཡོད།