གསར་འགྱུར་སྤེལ་དུས།[2021-09-17 10:45:00]
ཏང་གི་རྩ་འཛུགས་འཚོ་བ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་དོན་དང་གཞི་རྟེན་གལ་ཆེན་ཞིག་དང་། ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ངེས་པར་དུ་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ཁག་མཐའ་འཁྱོངས་དང་། བྱ་ཐབས་དང་བྱེད་སྟངས་གསར་གཏོད་བྱས་ནས་ཏང་གི་རྩ་འཛུགས་འཚོ་བའི་གསོན་ཤུགས་འཕེལ་བར་བྱེད་དགོས། ཏང་ཡོན་ཡོངས་དང་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་ཏང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་རང་ཉིད་ཀྱི་ཐོབ་ཐང་དང་པོ་ཏང་ཡོན་ཞིག་ཡིན་པ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་དགོས། ཏང་ཡོན་སུ་འདྲ་ཞིག་ཡིན་རུང་ཏང་རྩ་འཛུགས་ནས་ཁ་བྲལ་མི་ཆོག་ལ། ཏང་རྩ་འཛུགས་ལས་ལྷག་པ་གཏན་ནས་མེད། ཏང་ཡོན་མི་རེ་ངོ་རེས་གོ་གནས་མཐོ་དམན་མི་བལྟོས་པར་ཚང་མ་ཏང་གི་རྩ་འཛུགས་འཚོ་བའི་ནང་ཞུགས་དགོས། ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཏང་གི་རྩ་འཛུགས་འཚོ་བ་དུས་རྟག་ཏུ་དང་། ནན་ཏན། སྒམ་ནན་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཏང་གི་རྩ་འཛུགས་འཚོ་བ་ནི་ཏང་གི་བསམ་བློའི་སློབ་གསོ་དང་རྩ་འཛུགས་ཀྱི་དོ་དམ་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་མངོན་གསལ་དོད་པའི་ཆབ་སྲིད་རང་བཞིན་མངོན་པར་བྱས་ཏེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པར་དམ་པོར་དམིགས་ནས་སྤེལ་དགོས།
【རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་གཉིས】
ཏང་ཡོན་མི་རེ་ངོ་རེས་གོ་གནས་མཐོ་དམན་ལ་མི་བལྟོས་པར་ངེས་པར་དུ་ཏང་ཀྲི་པུའུ་དང་ཚོགས་ཆུང་ངམ་ཡང་ན་དེ་མིན་གྱི་དམིགས་གཏན་འཁེལ་བའི་རྩ་འཛུགས་དང་ཏང་གི་རྩ་འཛུགས་འཚོ་བའི་ནང་ཞུགས་ཏེ་ཏང་ཕྱི་ནང་གི་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཏང་ཨུད་དང་ཏང་ཙུའི་དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་དགོས། ཏང་གི་རྩ་འཛུགས་འཚོ་བའི་ནང་མི་ཞུགས་པ་དང་ཏང་ཕྱི་ནང་གི་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་མི་བྱེད་མཁན་གྱི་དམིགས་བསལ་ཏང་ཡོན་གཅིག་ཀྱང་ཡོད་མི་རུང་།
【སྙིང་གཏམ་ཤོད་རེས】
ཏང་ཀྲི་པུས་རྒྱུན་དུ་སྙིང་གཏམ་ཤོད་རེས་ཀྱི་ཚོགས་འདུ་ཚོགས་དགོས་ཤིང་། ཏང་ཀྲི་པུའུ་དང་ཨུ་ཡོན་དབར་དང་། ཏང་ཀྲི་པུའི་ཨུ་ཡོན་དང་ཏང་ཡོན་དབར། ཏང་ཡོན་དང་ཏང་ཡོན་དབར་བཅས་ལོ་ལྟར་ཉུང་མཐར་ཡང་སྙིང་གཏམ་ཤོད་རེས་ཐེངས་གཅིག་བྱེད་དགོས། སྙིང་གཏམ་ཤོད་སྐབས་ཕན་ཚུན་ལྷག་བསམ་ཟོལ་མེད་དང་། བསམ་བློ་དང་བསམ་འཆར་བརྗེ་རེས། ཕན་ཚུན་ཡར་རྒྱས་ཡོང་བ་བཅས་བྱེད་དགོས།
ཏང་ཀྲི་པུས་ཏང་ཡོན་གྱི་བསམ་བློའི་གནས་ཚུལ་དང་སེམས་ཁམས་བདེ་ཐང་ལ་སྣང་ཆེན་དང་དེར་དབྱེ་ཞིབ་བྱེད་དགོས་ཤིང་ཁྱིམ་ཚང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། དཀའ་ངལ་ཆེན་པོ་འཕྲད་པ། ལུས་སེམས་བདེ་ཐང་ལ་མངོན་གསལ་དོད་པའི་གནད་དོན་ཡོད་པ་སོགས་ཀྱི་ཏང་ཡོན་ལ་ཏང་ཀྲི་པུའི་ཧྲུའུ་ཅིས་སེམས་གསོ་ཡག་པོ་གཏོང་རོགས་བྱེད་དགོས། ཆད་པ་ཕོག་པ་དང་དེ་བཞིན་བསམ་བློ་གཏོང་མཁས་པོ་མེད་པའི་ཏང་ཡོན་ལ་ཏང་ཀྲི་པུའི་ཧྲུའུ་ཅིས་དམིགས་ས་ཡོད་པའི་སྒོ་ནས་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།