ཚེ་རིང་དབང་མོས་བརྗོད་དོན། དམངས་ལ་བློ་དཀར་བའི་འཐབ་མོ་བ་ཞིག་བྱེད་དགོས།

གསར་འགྱུར་སྤེལ་དུས།[2021-10-22 10:30:00]

ཉེན་རྟོག་པས་ལོ་29ཡི་རིང་སྔ་རྗེས་སུ་རིགས་ཁག་གི་འགྲིམ་འགྲུལ་ལས་འཛོལ་གྱོད་གཞི་1800ལྷག་ཙམ་ཐག་གཅོད་བྱེད་པའི་ནང་ཞུགས་པ་དང་འགྲིམ་འགྲུལ་གྱོད་གཞི་800ལྷག་ཙམ་ལ་མཛུབ་ཁྲིད་བྱས་པ་མ་ཟད་འདུམ་འགྲིག་གི་གྱོད་གཞི་ནི་དེ་བས་བགྲང་ལས་འདས། ད་ལྟ་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་འཁུར་བཞིན་པའི་ཚེ་རིང་དབང་མོ་ཡིས་རྔུལ་ཆུ་དང་བློས་གཏོང་གྲངས་མེད་བྱས་པར་བརྟེན་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་རེད།

1991ལོར་ལས་ཀར་ཞུགས་པའི་ཚེ་རིང་དབང་མོ་ཡིས་བྲག་གཡབ་རྫོང་གི་འགྲིམ་འགྲུལ་དོ་དམ་ལས་ཀར་རྒྱུན་དུ་འབད་འཐབ་བྱེད་ཀྱིན་ཡོད། “གཞི་རིམ་གྱི་འགྲིམ་འགྲུལ་དོ་དམ་ལས་དོན་ལ་གྲུབ་འབྲས་ཐོན་དཀའ་ཡང་ཁོ་མོས་ལྷག་བསམ་ཟོལ་མེད་ངང་རྒྱུན་གཏན་གྱི་ལས་ཀའི་ནང་ལེགས་སྐྱེས་སུ་ཕུལ་ཡོད”

2019ལོའི་ཟླ་9པའི་མགོར་ཆར་པ་བསྟུད་མར་བབས་པས་རྫོང་གི་གཞུང་ལམ་གང་སར་རི་ཉིལ་དང་འདམ་རྡོའི་ཆུ་རུད་སོགས་ཐོན་ནས་འགྲོ་ལམ་འགག་ཏེ་མི་དང་རླངས་འཁོར་མང་པོ་ཞིག་དེ་གར་ལུས། ཚེ་རིང་དབང་མོས་ཐེ་ཚོམ་སྤུ་ཙམ་ཡང་མི་བྱེད་པར་རུ་ཆེན་གྱི་ལས་རོགས་ཚོ་ཁྲིད་དེ་འཕྲལ་དུ་ས་གནས་ས་ཐོག་ཏུ་བསྐྱོད།

ལམ་རྒྱུད་ཀྱི་རི་ཉིལ་དང་འབྲུག་ཆར་འབབ་པའི་གནམ་གཤིས་གྲང་ངར་ཆེ་ནའང་། ཚེ་རིང་དབང་མོ་ནི་འཇིགས་སྣང་སྤུ་ཙམ་མེད་པར་གནོད་འཚེ་ཕོག་ཁུལ་དུ་ལུགས་མཐུན་ངང་ཉེན་སེལ་རོགས་སྐྱོབ་བཀོད་སྒྲིག་དང་འགྲིམ་འགྲུལ་ལམ་སྟོན་སློབ་ཁྲིད་སྒྲིག་འཛུགས་ནན་ཏན་བྱས་པ་རེད། ཆུ་ཚོད་བཅུ་གྲངས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་ཕར་འགྲོ་ཚུར་འོང་གི་སྐོར་ཞིབ་དང་ལམ་སྟོང་གཙང་སེལ་བྱས་ནས་མང་ཚོགས་བདེ་འཇགས་ཀྱི་སར་སྐྱེལ་བ་རེད།

ལས་ཀའི་འགན་འཁྲི་ལྕི་བའི་རྐྱེན་ནས་ཚེ་རིང་དབང་མོར་ཁྲག་ཤེད་མཐོ་བ་དང་། གཅིན་པ་མངར་འགྱུར་གྱི་ནད། སྙིང་ནད་སོགས་ནད་གཞི་ལྕི་པོ་ཕོག་ཡོད། ཐེངས་མང་པོ་ཞིག་ལ་སྨན་ཁང་དུ་བསྡད་ཡོད་ཀྱང་འོན་ཀྱང་སེམས་པ་སྔར་བཞིན་ལས་ཐོག་ཏུ་ཡོད། 2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡིན། རྒྱལ་ཡོངས་ཀྱིས་དགའ་སྟོན་བྱེད་པའི་དུས་མཚུངས་སུ་སྤྱི་བདེའི་འགན་འཁྲི་ལྗིད་དུ་བཏང་ཡོད། “ལས་འགན་གསར་པ་ལག་ལེན་བསྟར་བ་དང་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཆེ་མོར་སྲུང་སྐྱོང་བྱེད”ཞེས་པའི་བདེ་འཇགས་སྲུང་སྐྱོང་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་ཆེད་ཁོ་མོས་རུ་ཆེན་གྱི་ལས་རོགས་ཁྲིད་དེ་གཡང་གཟར་དང་། རི་ཉིལ། རྡོ་ལྷུང་བ། ལས་འཛོལ་ཐོན་མང་བ་སོགས་ཀྱི་ས་ཆར་གྲལ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་ཤེས་རྟོགས་ཐུབ་ཚེ་དུས་ཐོག་ཏུ་བཅོས་སྒྲིག་བྱས་ཏེ་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་མི་ཐོན་པའི་འགན་ལེན་བྱས་ནས་ལོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོང་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།

ཚེ་རིང་དབང་མོ་ལ་གོང་རིམ་གྱི་གཟེངས་བསྟོད་ཐེངས་མང་ཐོབ་ཅིང་། སྔ་རྗེས་སུ་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོང་ལས་དོན་གྱི་མི་སྒེར་བྱ་དགའ་དང་། ཆབ་མདོ་གྲོང་ཁྱེར“རྡུང་རྡེག་དྲག་པོ་བཅོས་སྒྲིག”ལས་དོན་གྱི་སྔོན་ཐོན་མི་སྒེར། བྲག་གཡབ་རྫོང་གི“གསུམ་བརྒྱད་དར་དམར་བ”ཕུལ་བྱུང་ཏང་དོན་ལས་དོན་པ། ཕུལ་བྱུང་ཏང་ཡོན་སོགས་བྱ་དགའ་དང་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་རེད།