ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།[2025-04-18 10:45:00]

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས10ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་གྱི་སྲོག་རྩ་ལྟ་བུའི་སྒྲིག་བཀོད་གལ་ཆེན་ལ་ཆེད་དམིགས་བརྟག་དཔྱད་དང་ཕྱོགས་བསྡུས་དཔྱད་དཔོག་བྱ་རྒྱུའི་རྣམ་གྲངས་དོན་དག་ལ་ཞིབ་འཇུག་གནང་ཡོད། ཝེ་ཤིན་ཀུའེ་དང་། ལིས་གོ་ཅན། ཝུའུ་དབྱིན་ཧའེ་བཅས་ཞུགས་ཡོད།

ལའོ་ཆིན་འུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་བདེ་འཇགས་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། གྲོང་ཁྱེར་གྱི་སྲོག་རྩ་ལྟ་བུའི་སྒྲིག་བཀོད་གལ་ཆེན་ལ་ཆེད་དམིགས་བརྟག་དཔྱད་བྱེད་པའི་གལ་ཆེའི་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། མ་ལག་གི་འདུ་ཤེས་བསྐྱེད་པ་དང་། དམིགས་འབེན་ཕྱོགས་སྟོན་དང་ཕན་འབྲས་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་གྱི་སྲོག་རྩ་ལྟ་བུའི་སྒྲིག་བཀོད་གལ་ཆེན་ལ་ཆེད་དམིགས་བརྟག་དཔྱད་དང་ཕྱོགས་བསྡུས་དཔྱད་དཔོག་བྱ་རྒྱུའི་རྣམ་གྲངས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འཚོ་སྡོད་རུང་བ་དང་། མཉེན་གཤིས་ལྡན་པ། བློ་གྲོས་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་སྐྲུན་དགོས་ཞེས་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་ཡིས་གཅིག་ནས་གཏིང་ཚད་ལ་སྔོན་དཔག་རང་བཞིན་ལྡན་དགོས། ཆབ་མདོ་ཡི་འབྱུང་འགྱུར་གྱི་འཕེལ་རྒྱས་གཞི་ཁྱོན་དང་འཕེལ་རྒྱས་དམིགས་ཚད་ལ་བསམ་གཞིག་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་གྲངས་གཞི་མཐིལ་རྟོགས་བྱས་ཏེ། ཚན་རིག་དང་ལུགས་དང་མཐུན་པའི་འཛུགས་སྐྲུན་ཇུས་གཞི་གཏན་འབེབས་བྱས་ཏེ། སྔོན་དཔག་རང་བཞིན་གྱི་ལས་དོན་ལ་མཛུབ་སྟོན་བྱེད་དགོས། གཉིས་ནས་ཚད་གཞི་ལ་ལག་ལེན་རང་བཞིན་ལྡན་དགོས། ཆབ་མདོའི་ཐུན་མོང་མ་ཡིན་པའི་ས་ཁོངས་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གྲོང་ཁྱེར་གྱི་བར་སྟོང་བཀོད་སྒྲིག་དང་བེད་སྤྱོད་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ་དང་། འགྲིམ་འགྲུལ་ཀྱི་དྲ་རྒྱར་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་གྲོང་ཁྱེར་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་རོགས་རམ་བྱས་ཏེ་འཆར་འགོད་འཆར་གཞི་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་དངོས་ཡོད་གྲུབ་འབྲས་སུ་ཏན་ཏིག་སྒྱུར་དགོས། གསུམ་ནས་དོན་འཁྱོལ་ལ་བཀོལ་སྤྱོད་རང་བཞིན་ལྡན་དགོས། བྱེད་ནུས་མཉམ་འདྲེས་བྱ་རྒྱུར་དོ་སྣང་དང་། བར་མཐོངས་ཀྱི་ཕྱོགས་བསྡུས་བཀོལ་སྤྱོད་རིན་ཐང་ཆེ་རུ་བཏང་ནས་གྲོང་མི་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་སྐོང་དགོས་ཞེས་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་ཡིས་རིམ་པ་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་དོན་འཁྱོལ་དམ་འཛིན་དང་ཕན་འབྲས་གཉེར་བའི་ཐད་འབད་བརྩོན་ཧུར་ཐག་བྱས་ནས་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། མཐུན་སྦྱོར་གྱི་ལམ་སྲོལ་འཛུགས་པ། རོགས་ལས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། ལམ་བཤངས་གསར་གཏོད་དང་ལས་ཀ་ཏན་ཏིག་བྱེད་པ། གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་གྲོང་ཁྱེར་གྱི་སྲོག་རྩ་ལྟ་བུའི་སྒྲིག་བཀོད་གལ་ཆེན་ལ་ཆེད་དམིགས་བརྟག་དཔྱད་དང་ཕྱོགས་བསྡུས་དཔྱད་དཔོག་བྱ་རྒྱུའི་རྣམ་གྲངས་ཀྱི་སྤྱིའི་འཆར་འགོད་ངོ་སྤྲོད་བྱས་པ་རེད།

གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་། ནོར་སྲིད་ཅུས། གྲོང་ཁྱེར་དོ་དམ་ཅུས། འཕྲལ་སྡོམ་དོ་དམ་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་ཚོས་སྤེལ་རེས་གཏམ་བཤད་བྱས་ཡོད།