གསར་འགྱུར་སྤེལ་དུས།[2025-05-15 08:20:00]
འདི་ནི་ཡིག་གཟུགས་དགའ་མོས་མཁན་གྱིས་ཡིག་གཟུགས་འབྲི་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྟེང་ཆེན་རྫོང་གྭ་ངན་ཤང་གིས་ཡིག་གཟུགས་འགྲན་སྡུར་སྤེལ་ཏེ་ཡིག་རིས་ལམ་ནས་དུས་རབས་སྙིང་སྟོབས་ཤར་མར་བྲིས་ནས་མེས་རྒྱལ་གྱི་སྨོན་འདུན་མཚོན་པར་བྱས་ཡོད།
འགྲན་སྡུར་གྱི་ཡུལ་དངོས་སུ་ཡིག་གཟུགས་ལ་དགའ་མོས་བྱེད་མཁན53གྱིས་སྨྱུག་རྩེའི་འཁྱུག་འགྲོས་ལས་གཏམས་པའི་གནའ་ཉམས་དོད་པའི་ཡིག་གཟུགས་རེ་རེ་ལས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གཏམ་རྒྱུད་མཚོན་པ་དང་བློ་གྲོས་དང་སྒྱུ་རྩལ་གྱི་ཉམས་འགྱུར་ཡོངས་སུ་མངོན།
འགྲན་ཞུགས་པ་གྲགས་པ་ཡིས“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་གྲལ་དག་ཅིང་བལྟས་ན་མིག་ལ་མཛེས་པའི་ཡིག་འབྲུ་ཁ་ཤས་བྲིས་རྗེས། འགྲན་སྡུར་བྱེད་དུ་ཡོང་བའི་འགྲན་ཞུགས་པ་གཞན་དག་དང་མཉམ་དུ་སྤེལ་རེས་དང་སློབ་སྦྱོང་བྱས་ཡོད། གྲགས་པ་ནི་ཆུང་དུས་ནས་ཡིག་གཟུགས་འབྲི་རྒྱུར་དགའ་ཞིང་། ལོ12ནས་བཟུང་ཞང་ཞུང་སྒོ་པའི་ཡིག་གཟུགས་སྦྱངས་མགོ་བརྩམས། ཁོས་བོད་ཡིག་ཡིག་གཟུགས་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཡིན་པའི་ཆ་ནས་དེ་ལ་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད་ལ། ཕྱི་ལོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པས། ཡིག་གཟུགས་ལ་དགའ་མཁན་ཞིག་ཡིན་པའི་ངོས་ནས་ང་ལ་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་འགན་འཁྲི་ཡོད་པ་རེད་ཅེས་བཤད།
ཐེངས་འདིའི་འགྲན་སྡུར་ནི་འགྲན་ཞུགས་པར་རང་ངོས་འགྲེམས་སྟོན་དང་སྤེལ་རེས་སློབ་སྦྱོང་བྱེད་པའི་གར་སྟེགས་ཤིག་ཡིན་པ་མ་ཟད། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གསར་གཏོད་བྱེད་པའི་ལག་ལེན་ཐེངས་ཤིག་དེ་བས་ཀྱང་ཡིན།“མོས་སེམས་ལྔ”གཞི་རིམ་དུ་རྩ་བ་ཚུགས་པར་སྐུལ་སྤེལ་བཏང་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)