འཇོ་མདས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་རྫོང་རིམ་པའི་བསྐྱར་འགྲན་ཐོག་མ་གཉེར་བ།

གསར་འགྱུར་སྤེལ་དུས།[2025-05-15 08:25:00]

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། འཇོ་མདའ་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་དང་ཡིག་གཟུགས་འབྲི་བའི་རྫོང་རིམ་པའི་བསྐྱར་འགྲན་ཐོག་མ་གཉེར་བ་རེད། ཐེངས་འདིའི་བྱེད་སྒོ་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བའི་འདུ་འགོད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གྲོང་གསེབ་དར་རྒྱས་དང་རིག་གནས་གོང་འཕེལ་འགྲོ་བར་དོན་སྙིང་གལ་ཆེན་ལྡན་ཡོད།

བྱེད་སྒོ་ཡིས་འཇོ་མདའ་རྫོང་གི་དམར་མདངས་རིག་གནས་ཀྱི་རྨང་མཐུག་ཟབ་མོ་ལ་གཞི་ཚུགས་པ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཟུང་འབྲེལ་དམ་ཟབ་བྱས་ཡོད་ལ། དེའི་དམིགས་ཡུལ་ནི་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་འདོད་པའི་སྤྲོ་སྣང་ལ་སྐུལ་སློང་བྱེད་པ་དང་། མི་རིགས་ཁག་བར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཆེ་རུ་གཏོང་བ། གཞི་རིམ་གྱི་ལས་བྱེད་མང་ཚོགས་ཀྱི་ཉན་བཤད་ཀློག་འབྲིའི་ནུས་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་རྒྱུ་དེ་རེད།

ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད།“ཁ་བྲལ་ཐབས་མེད་པ་གསུམ”དང་།“མོས་སེམས་ལྔ”“ མཉམ་མྱོང་བཞིའི”བསམ་བློ་དེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱས་ཏེ། ཁོ་ཚོའི“ཀྲུང་གོའི་རང་མདངས”བརྟན་དུ་གཏོང་བར་རོགས་རམ་ཐུབ་ཡོད།

ཐེངས་འདིའི་བྱེད་སྒོ་ཐོག་ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་ལས་བྱེད་པ་དང་། མང་ཚོགས། དགེ་འདུན་པ། སློབ་མ་སོགས་འགྲན་ཞུགས་པ་50ལྷག་འགྲན་སྡུར་ཞུགས་པ་དང་། དེ་དང་ཆབས་ཅིག་ཏུ་ལྟད་མོ་བ130ཡས་མས་ཀྱིས་ས་གནས་ས་ཐོག་ཏུ་འགྲན་སྡུར་ལ་བལྟས་ཡོད་པ་རེད། 

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)