གསར་འགྱུར་སྤེལ་དུས།[2025-10-14 10:20:00]
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་9ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་19པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། འགྲོ་བ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་བ་ནི་མི་སེམས་གཏད་ཕྱོགས་དང་། དུས་ཀྱི་འཁོར་ཕྱོགས། ལོ་རྒྱུས་ཀྱི་ལྡོག་མེད་བཅས་ཡིན》ཞེས་པ་བཀོད་ཡོད་ཅིང་། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2024ལོའི་ཟླ་9ཚེས་27ཉིན་རྒྱལ་ཡོངས་མི་རིཊ་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་རེད།
རྩོམ་ཡིག་ནང་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་ནི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་རླབས་ཆེན་མི་རིགས་ཤིག་རེད། རང་རྒྱལ་གྱི་མི་རིགས་ཁག་གིས་ཐུན་མོང་ཐོག་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་གསར་གཏོད་བྱས་པ་དང་། ཐུན་མོང་ཐོག་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་བསྐྲུན་པ། ཐུན་མོང་ཐོག་འོད་སྟོང་འཕྲོ་བའི་ཀྲུང་གོའི་ལོ་རྒྱུས་བཏོད་པ། ཐུན་མོང་ཐོག་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་བཏོད་པ། ཐུན་མོང་ཐོག་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་སྐྱེད་སྲིང་བཅས་བྱས་ཡོད།
རྩོམ་ཡིག་ནང་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་བ་ནི་མི་སེམས་གཏད་ཕྱོགས་དང་། དུས་ཀྱི་འཁོར་ཕྱོགས། ལོ་རྒྱུས་ཀྱི་ལྡོག་མེད་བཅས་ཡིན། མི་རིགས་ཁག་ཤ་རུས་འདྲེས་པ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གཞི་རྩ་ཡིན། ཀྲུང་ཧྭ་མི་རིགས་ནི་མི་རིགས་ཁག་ཡུན་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་འབྲས་བུ་ཡིན་པས། མི་རིགས་ཁག་རྒྱུན་ཆད་མེད་པར་མཐུན་སྒྲིལ་མཉམ་འདྲེས་བྱས་ཏེ། རང་རྟོགས་ངང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་མཉམ་འདྲེས་ཐུབ་ཚེ་གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ། མི་རིགས་ཁག་གི་དད་སེམས་གཅིག་མཚུངས་ཡིན་པ་ནི་ཀྲུང་ཧྭ་མི་རིགས་ཀྱིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གཏོད་པའི་ནང་གནས་སྒུལ་ཤུགས་ཤིག་རེད།
ང་ཚོའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བསྐྲུན་པ་ཞིག་ཡིན་པས་ངེས་པར་དུ་མི་རིགས་ཁག་གིས་ཐུན་མོང་ཐོག་སྲུང་སྐྱོང་དང་།སྲ་བརྟན། འཕེལ་རྒྱས་བཅས་གཏོང་དགོས། མི་རིགས་ཁག་གི་རིག་གནས་ཀྱི་ཕན་ཚུན་འབྲེལ་བ་ནི་ཀྲུང་ཧྭ་མི་རིགས་ཀྱིས་སྣ་མང་གཞི་གཅིག་གི་ཤེས་དཔལ་གྱི་རྣམ་པ་གཏོད་པའི་རིག་གནས་ཀྱི་གཞི་རྒྱུ་ཞིག་རེད། འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ་ཞིག་ཡིན་པས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་པར་ངེས་པར་དུ་ཀྲུང་ཧྭའི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མི་རིགས་ཁག་གི་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་ཤུཊ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་རིགས་ཁག་གི་དཔལ་འབྱོར་ཕན་ཚུན་བརྟེན་རེས་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱིས་གཅིག་གྱུར་གྱི་དཔལ་འབྱོར་དངོས་ཚན་འཛུགས་པའི་སྟོབས་ཤུགས་ཆེན་པོ་ཞིག་རེད། ས་ཁུལ་ཁག་དང་མི་རིགས་ཁག་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་། རྒྱུན་ཆད་མེད་པར་དཔལ་འབྱོར་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དར་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་ཐུབ་པ་དང་རང་ངོས་དཔལ་འབྱོར་འཕེལ་རྒྱས་དེ་བས་ལེགས་པ་ཡོང་ཐུབ། མི་རིཊ་ཁག་གི་བརྩེ་སེམས་ཟབ་མོ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འབྲེལ་ཐག་བརྟན་པོ་ཞིག་རེད། མི་རིཊ་ཁག་གི་མི་དམངས་ཚང་མས་འདྲ་མཉམ་དང་། མཐུན་སྒྲིལ། རོཊ་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོཊ་རིང་ལུགས་ཀྱི་མི་རིགས་འབྲེལ་བར་གཅེས་སྤྲས་ལྡབ་འགྱུར་བྱས་ནས། རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་པ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཊ་པ་འཛུགས་སྐྱོང་བྱེད་པའི་མི་སེམས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
རྩོམ་ཡིག་ནང་ནན་བཤད་གནང་དོན། ལོ་ངོ་ལྔ་སྟོང་ལྷག་ཙམ་རིང་ཀྲུང་ཧྭའི་ཤེས་དཔལ་ལས་བྱུང་བའི་རླབས་ཆེན་གྱི་མེས་རྒྱལ་དང་། རླབས་ཆེན་མི་རིགས་ནི་དུས་ནམ་ཡང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཆེས་གཏིང་ཟབ་དང་ཆེས་ཡུན་རིང་གི་བརྩེ་སེམས་ཀྱི་བརྟེན་ས་ཞིག་ཡིན། ཡངས་ཤིང་རྒྱ་ཆེ་བ་དང་། མཛེས་སྡུག་ལྡན་པ། འབྱོར་ཕྱུག་ལྡན་པ་བཅས་ཀྱི་ཞིང་ས་གཤིན་པོ་དེའི་ཐོག་མི་རིགས་ཁག་གི་མི་དམངས་ཚང་མར་ཐུན་མོང་གི་ཁྱིམ་གཞིས་ཤིག་ཡོད་པ་དེ་ནི་ཀྲུང་གོ་ཡིན་ལ། ཚང་མར་ཐུན་མོང་གི་ཐོབ་ཐང་ཞིག་ཡོད་པ་ནི་ཀྲུང་ཧྭ་མི་རིགས་ཡིན། ཚང་མར་ཐུན་མོང་གི་མིང་ཞིག་ཡོད་པ་ནི་ཀྲུང་གོ་བ་ཡིན། ཚང་མར་ཐུན་མོང་གི་ཕུགས་འདུན་ཞིག་ཡོད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།