ཆབ་མདོ་གྲོང་ཨུད་ཀྱི་དམག་དོན་གྲོས་མོལ་ཚོགས་འདུ་དང་མི་དམངས་དྲག་ཆས་པུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་འཚོགས་པ།

  • ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

    ​འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7པའི་ཚེས་29ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

  • ལུའོ་ཆིན་འུའུ་ཡིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས27ཉིན།རང་རེའི་གྲོང་ཁྱེར་གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་ཚོགས་ཆུང་དང་བཞུགས་མོལ་ཚོགས་འདུ་འཚོགས་ཡོད། ཀྲུང་དབྱང་བོད་ལྗོངས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་དང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

སྤོ་ལོ་ཤིང་བརྐོས་ལག་ཤེས།ཁྱིམ་རྒྱུད་ཀྱི་རྒྱུན་འཛིན་ནས་ལས་རིགས་སློབ་གྲྭའི་སློབ་ཚན་བར་གྱི་འཕོ་འགྱུར།

སྨྱུག་འཛིན་པ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གྲོང་ནས་ཐོན་ཏེ་མདོ་ཆུ་བརྒྱུད་ཤར་ཕྱོགས་སུ་ཁམས་པའི་གནའ་བོའི་ལག་ཤེས་བཟོ་རྩལ་ཉམས་ལེན་དང་འཚོལ་ཞིབ་བྱེད་པར་བསྐྱོད་པ་ཡིན། མཁར་སྒང་ཤང་སྒྲོལ་རྗེས་ལམ་བུ་དེ་བས་གུ་དོག་ཏུ་དང་ལམ་གཡས་གཡོན་གཉིས་ཀྱི་ཤིང་ནགས་ཇེ་སྟུག་ཏུ་སོང་ནས། བསིལ་བསིལ་རླུང་བུའི་ཁྲོད་ལྗོན་ཤིང་ལོ་འདབ་དལ་བུར་གཡོ། རིང་པོར་མ་སོང་བར“སྤོ་ལོ་སྐུ་ཚེ་ཤིང་བརྐོས་ལག་ཤེས”ཀྱི་རྒྱུན་འཛིན་པ་རྣམ་རྒྱལ་གྱི་ཕ་ཡུལ་སྟེ། སྤོ་ལོ་ཤང་སྐུ་ཚེ་གྲོང་ཚོར་འབྱོར།

གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

ཚེས་18ཉིན་གྱི་སྔ་དྲོ། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་གྱི་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་གུང་གཞོན་སྡེ་ཚོགས་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱི་ཨུ་ཡོན་དང་།

ཆབ་མདོས་ཡིག་འབྲུ་ལྔ་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་དཔེ་ཀློག་འཛིན་གྲྭ་དམ་འཛིན་བྱས་པ།

​ཆབ་མདོ་གྲོང་ཁྱེར་བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་ཚོགས་འདུ་འཚོགས་པའི་ཚུན་དུ། རང་སྐྱོང་ལྗོངས་ཀྱི《ལག་བསྟར་བསམ་འཆར》དང་གྲོང་ཨུད་ཀྱི《ལག་བསྟར་ཇུས་གཞིའི》བླང་བྱ་ལྟར།“གནད་འཁེལ་དང་། ཡོངས་ཁྱབ། སྣ་མང་། ཏན་ཏིག དམ་ནན”བཅས་ཡིག་འབྲུ་ལྔར་ཤུགས་སྣོན་བརྒྱབ་ནས་བརྗོད་དོན་གཙོ་བོའི་དཔེ་ཀློག་འཛིན་གྲྭར་དམ་འཛིན་བྱས་ཡོད་པ་རེད།